ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱི་གསར་འགྱུར་ལྟེ་གནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱི་གསར་འགྱུར་ལྟེ་གནས་སྤྱི་ཚེས་14ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་2900ལྷག་ཙམ་གྱིས་ད་རེས་ཀྱི་ཚོགས་ཆེན་གྱི་གནས་ཚུལ་འགོད་སྤེལ་བྱེད་པའི་ནང་ཞུགས་ཡོད་པ་རེད།

ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་སྤྱི་ཚེས་15ཉིན་འགོ་ཚུགས་ཡོད་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལག་རྩལ་གསར་པའི་འཁྲིད་སྟོན་བྱས་ནས་གསར་གཏོད་རྒྱུད་སྤེལ་གྱི་བྱ་ཐབས་མཉམ་བསྲེས་བྱས་ཏེ་གོ་ལ་ཧྲིལ་པོའི་མང་ཚོགས་ལ་སྣེ་མང་རིག་གནས་ཀྱི་སྟོན་མོ་ཞིག་གཤམས་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྒྲོལ་དཀར།