རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་ཞེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་གལ་ཆེའི་རྣམ་བཤད་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། གསར་གཏོད་དེ་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོར་བརྩི་དགོས་པ་དང་། ཆེད་དོན་གྲོས་མོལ་ཚོགས་འདུ་ལྟ་བུའི་སྲིད་གྲོས་གྲོས་མོལ་དམངས་གཙོའི་གལ་ཆེའི་རྣམ་པ་དེ་རིགས་བེད་སྤྱོད་ཡག་པོ་བཏང་སྟེ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་གིས། ཡོན་ཧྲི་བརྒྱ་ལ་ཉེ་བ་ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུར་ཞུགས་པ་དེས། ཚན་རིག་མཁས་ཅན་གྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ནང་གི་གལ་ཆེའི་ནུས་པ་མངོན་པ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་ནང་གི་ཤུགས་རྐྱེན་ནུས་པ་མངོན་པར་བྱས་ཡོད་ཅེས་བསྟན་གནང་ཡོད།

ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུར་ཞུགས་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་༢༥༧ཡོད་པ་དང་། ཡོན་ཧྲི་༧༩ཡིས་ཁག་སོ་སོར་ཚོགས་ཆེན་ཐོག་གཏམ་བཤད་དང་ཚོ་ཆུང་ཁག་བགོས་ནང་གཏམ་བཤད་སྤེལ་ཡོད། དེ་མིན་ད་དུང་ཨུ་ཡོན་བརྒྱ་ལྷག་ཙམ་གྱིས་འགུལ་སྐྱོད་འགན་འཁྲི་ལག་བསྟར་སྟེགས་བུ་དང་ཚོ་ཆུང་ཁག་བགོས་གྲོས་བསྡུར་བརྒྱུད་ནས་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།

ཀྲང་ཆིང་ལི་ཡིས་ཕྱི་དྲོའི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཝན་ཀང་གིས་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།