མཛེས་པའི་ཨ་ཤེ་ཡ་གླིང་སྟེ་ཨ་ཤེ་ཡའི་ཤེས་དཔལ་འགྲེཔ་སྟོན་པེ་ཅིན་དུ་འགོ་ཚུགས་པ་དང་ཧོང་ཁུན་མིང་འགོ་ཚུགས་མཛད་སྒོར་ཕེབས་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མཛེས་པའི་ཨ་ཤེ་ཡ་གླིང་སྟེ་ཨ་ཤེ་ཡ་གླིང་གི་ཤེས་དཔལ་འགྲེམ་སྟོན་སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ་རྒྱལ་ཁབ་དངོས་མང་གཤམ་སྟོན་ཁང་དུ་སྤེལ་འགོ་ཚུགས་ཤིང་། རྒྱལ་ཁབ་40ལྷག་ཙམ་གྱི་རིག་དངོས་ གསོག་ཉར་དངོས་རྫས་400ལྷག་ཙམ་གཅིག་སྡུད་བྱས་ཡོད་པ་རེད། དེའི་ནང་ཧྲང་དུས་རབས་ཀྱི་ཀྲུང་གོའི་རིག་དངོས་ཡོད་ལ། ཡ་མེ་ཉི་ཡའི་ཚོན་རྫའི་སྡེར་མ་དང་། ཐུ་ཁུ་མན་སི་ཐན་གྱི་བུད་མེད་ཀྱི་རྒྱན་ཆ་སོགས་ཀྱི་རིག་དངོས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོན་ཁུན་མེང་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད། ཧོང་ཁུན་མིང་གིས། རྒྱལ་ཁབ་49ནས་ཡིན་པའི་རྩ་ཆེའི་རིག་དངོས་400ལྷག་ཙམ་ཕྱོགས་གཅིག་ཏུ་བསྡུས་ནས། ཨ་ཤེ་ཡ་གླིང་གི་ཤེས་དཔལ་འགྲེམ་སྟོན་གྱི་ཡུལ་དུས་བརྒལ་བའི་འགྲེམ་སྟོན་ནང་ཞུགས་པ་དེས། ཨ་ཤེ་ཡ་གླིང་གི་རྒྱལ་ཁབ་ཁག་གི་མཐུན་ལམ་ལ་སྐུལ་འདེད་དང་། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས། ཨ་ཤེ་ཡ་གླིང་གི་ཤེས་དཔལ་གྲུབ་འབྲས་སྔར་ལས་ལྷག་པའི་སྒོ་ནས་དར་སྤེལ་གཏོང་རྒྱུ་དང་། ཨ་ཤེ་ཡ་གླིང་གི་རིག་གནས་བློ་སྤོབས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།