【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ་སྟེ། མཛད་རྗེས་ལམ་བུ་ལས།】དྲན་གསོའི་རྡོ་རིང་པེ་ཅིང་དུ་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བརྗོད་དོན་གཙོ་བོའི་གསར་འགྱུར་ལེ་ཚན་ཆེ་གྲས་【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ་སྟེ། མཛད་རྗེས་ལམ་བུ།】ཞེས་པ་ལས། དེ་རིང་དྲན་གསོའི་རྡོ་རིང་པེ་ཅིང་དུ་བསྐྱོད་ཞེས་པ་དེ་ཞུ་རྒྱུ་ཡིན།

མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་སྤྱི་ཡོངས་ཀྱི་མཐོ་ཚད་ལ་རྨིད་༣༧.༩༤དང་། རྡོ་རིང་མདུན་ངོས་ཀྱི་རིང་ཚད་ལ་རྨིད་༡༤.༧ད ཞེང་ལ་རྨིད་༢.༩ མཐུག་ཚད་ལ་རྨིད་༡ ལྗིད་ཚད་ལ་ཏུན་༦༠.༢༣ཡོད། དེ་ནི་ཀྲུང་གོ་བ་ཚང་མའི་སེམས་དབུས་སུ་ཆེས་རྒྱུས་མངའ་ཆེ་ཤོས་དང་ཆེས་རླབས་ཆེ་ཤོས་ཀྱི་མཛད་རྗེས་རྡོ་རིང་ཡིན། ཡིན་ནའང་། མི་མང་པོས་མི་ཤེས་པ་ཞིག་ནི། ཆིང་དའོ་ཧྥུའུ་ཧྲན་ནས་དབོར་བའི་དྲན་གསོའི་རྡོ་རིང་དེས་དེ་སྔ་སྙན་ངག་ལོ་རྒྱུས་ལྟ་བུའི་དབོར་འདྲེན་གྱི་ལམ་བུ་བརྒྱུད་ནས། ཀྲུང་གོའི་ལྕགས་ལམ་སྐྱེལ་འདྲེན་གྱི་ལོ་རྒྱུས་མཆོང་བརྒལ་མངོན་འགྱུར་ཡོང་བར་བདེན་དཔང་མཛད་ཡོད།

དུས་ཀྱི་འཁོར་ལོ་ལོ་ངོ་༦༦གོང་གི་སྤྱི་ལོ་༡༩༥༣ལོའི་ཟླ་བ་༨པར་བསྐྱོད་ན། སྐབས་དེ་དུས་ཅི་ནན་ལྕགས་ལམ་ཅུད་འཁོར་གཏོང་ཁང་གི་ཁོ་ཀྲང་ཡིན་པའི་ཡོན་ཞ་ལུའུ་ལ་ཏུན་༡༢༠ཟིན་པའི་སྒྲོམ་མེད་འཁོར་ཁང་ཞིག་བཀོད་གཏོང་བྱས་ཏེ། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་བཟོ་རྒྱུའི་རྡོ་ཆེན་པོ་དེ་དབོར་དགོས་པའི་བཀའ་རྒྱ་འབྱོར་ཡོད།

སྐབས་དེ་དུས། ཅི་ནན་ལྕགས་ལམ་ཅུད་ལ་ཡོད་པའི་སྒྲོམ་མེད་འཁོར་ཁང་ཆེ་ཤོས་དེར་ཡང་ཏུན་༦༠ཙམ་ལས་མེད་པ་དང་། རྒྱལ་ཡོངས་ཁྱོན་ལའང་ཏུན་བརྒྱ་ཟིན་པའི་སྒྲོམ་མེད་འཁོར་ཁང་ཞིག་རྙེད་ཐབས་བྲལ་ཡོད། དོན་དག་དེ་ཐག་གཅོད་བྱེད་དཀའ་བའི་གནས་སུ་གྱར་སྐབས། གོ་སྐབས་ཤིག་བྱུང་བ་ནི། སུའུ་ལན་ལྕགས་ལམ་གྱི་རིགས་གཅིག་མཁས་ཅན་པ་ལ་ནོ་ཧྥུའུ་ཅི་ནན་དུ་སློབ་ཁྲིད་གནང་བར་ཕེབས་ཡོད། ཡོན་ཞ་ལུའུ་ཡིས་ཕྱིར་དྲན་གནང་བ་ལྟར་ན། པ་ལ་ནོ་ཧྥུས་ང་ཚོར་རྒྱལ་སྲུང་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་དུས་ནས་ཡོད་པས། རྙེད་སྲིད་ཀྱི་རེད་ཅེས་གསུངས་ཡོད། དེ་ནས་བྱང་ཤར་བརྒྱུད་ནས་ཅི་ནན་དུ་དབོར་ཡོད།

རླངས་སྤྱོད་མེ་འཁོར་ལ་ཞུགས་པའི་དྲན་གསོའི་རྡོ་རིང་གཞི་ནས་སྐུ་སྲུང་གི་སྲུང་སྐྱེལ་འོག ཅའོ་ཅི་ལམ་ཐིགས་བརྒྱུད་ནས་པེ་ཅིང་གི་ཕྱོགས་སུ་རྡོག་ཐོན་བྱས།

མེ་འཁོར་ཅི་ནན་དུ་འབྱོར་སྐབས། གློ་བུར་དུ་དོན་རྐྱེན་ཞིག་ཐོན་ཡོད་པ་སྟེ། ཅི་ནན་འབབ་ཚུགས་ཤར་མའི་ཟམ་པ་ཞིག་རྒྱ་ཆུང་དྲག་པའི་རྐྱེན་གྱིས། མེ་འཁོར་བསྐྱོད་ཐབས་བྲལ་ཡོད། མཐའ་མཇུག་ཏུ་ཉིན་མཚན་བལྟོས་མེད་དུ་ལྕགས་ལམ་གཞན་ཞིག་མྱུར་བཟོ་བྱས་ནས། ཅི་ནན་འབབ་ཚུགས་ལས་གཡོལ་ཏེ། མུ་མཐུད་ནས་པེ་ཅིང་ཕྱོགས་སུ་བསྐྱོད།

མཇུག་མཐར། ཉིན་༡༧དབོར་འདྲེན་བྱས་པ་བརྒྱུད། སྤྱི་ལོ་༡༩༥༣ལོའི་ཟླ་བ་༡༠པའི་ཚེས་༡༣ཉིན། དྲན་གསོའི་དྲོ་རིང་བླུགས་པའི་ཆེད་གཏོང་མེ་འཁོར་པེ་ཅིང་དུ་འབྱོར་ཡོད།

ཡོན་ཞ་ལུའུ་སྐབས་དེ་དུས་ཕྱག་ལས་གནང་མྱོང་བའི་ཅི་ནན་ལྕགས་ལམ་ཅུད་དེ་ཉིད་ལ། ད་ཆ་ཀྲུང་གོ་ལྕགས་ལམ་ཅི་ནན་ཅུད་ཚོགས་པ་ཚད་ཡོད་ཀུང་སི་ཞེས་འབོད་ཀྱི་ཡོད། སྐབས་དེ་དུས་དྲན་གསོའི་རྡོ་རིང་དབོར་བའི་གནས་ཚུལ་ཕྱིར་དྲན་གནང་སྐབས། ཟོག་འདྲེན་པུའི་བདེ་འཇགས་ལག་རྩལ་ཁོ་ཀྲང་ཝང་ཧྲེང་ཀྲུང་གིས། ད་ལྟའི་དབོར་འདྲེན་སྟོབས་ཤུགས་ལ་བལྟས་ན། ཉིན་གཅིག་ནང་ཚུན་དུ་ལེགས་གྲུབ་བྱ་ཐུབ་པ་དང་། ཡང་སྒོས་སུ་ཚད་ལས་བརྒལ་བའི་དབོར་འདྲེན་ལ་བརྩི་ཀྱི་མ་རེད། ང་ཚོའི་མིག་སྔའི་ཏུན་༡༢༠ཡོད་པའི་དབོར་འདྲེན་འཁོར་སྒྲོམ་གྱིས་དབོར་ཐུབ་ཀྱི་རེད། རྡོ་རིང་ལ་མ་གཞི་ནས་ཏུན་༩༠ལས་མེད། དེར་བརྟེན་ཚད་ལས་མ་བརྒལ་བའི་དངོས་ཟོག་ཅིག་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།