སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་མན་ཉིང་རྫོང་གི་མེ་སྐྱོན་ཚོད་འཛིན་ནུས་ལྡན་ཐུབ་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། ཡོན་ཉིང་རྫོང་གི་མེ་སྐྱོན་སྤྱི་ཚེས་༡༤ཉིན་ཚོད་འཛིན་ནུས་ལྡན་ཐུབ་ནས། མེ་འབར་ས་༣མེད་པ་བཟོས་ཡོད། སྤྱི་ཚེས་༡༥ཉིན་གནམ་གཤིས་ཆ་རྐྱེན་ལེགས་པའི་གོ་སྐབས་བེད་སྤྱོད་བྱས་ནས་ལམ་ཐིག་རིགས་དབྱེའི་ཐོག་ནས་ལས་དོན་སྒྲུབ་རྒྱུ་དང་། མེ་གསོད་མི་སྣས་འཕྲལ་སྒྲུབ་བྱ་ཐབས་བཟུང་ནས་མུ་མཐུད་མེ་གསོད་ལས་དོན་སྤེལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།