པེ་ཅིང་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་འགྲེམ་ཚོགས་ཁུལ་གྱིས་ཐེངས་དང་པོར་མི་ཁྲི་༣སྣེ་ལེན་བྱེད་པའི་ཚོད་ལྟ་བྱས་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། པེ་ཅིན་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་འགྲེམ་ཚོགས་ཁུལ་གྱིས་སྤྱི་ཚེས་༡༣ཉིན་ཡུལ་སྐོར་བ་ཁྲི་༣ཙམ་སྣེ་ལེན་བྱེད་པའི་ཚོད་ལྟ་བྱས་པ་དང་། གཙོ་གནད་ཐོག་འགྲེམ་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་ཐུབ་ཚད་ནུས་པ་དང་། དོ་དམ་བརྒྱུད་རིམ་ཤར་བགྲོད་གནས་ཚུལ། དེ་བཞིན་རྣམ་གྲངས་ཁག་གི་སྒྲིག་འཛུགས་ནུས་པ་དང་སྒྲིག་ཆས་ཀྱི་འཁོར་རྒྱུག་གནས་ཚུལ་བཅས་ལ་ཞིབ་བཤེར་བྱས་ཡོད་པ་རེད།

དེ་ཡང་འགྲེམ་ཁུལ་གྱིས་ཡུལ་སྐོར་བ་དཀྱུས་མ་སྣེ་ལེན་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད། མིག་སྔའི་བར་སླེབས་སྐབས། པེ་ཅིན་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་འགྲེམ་ཁུལ་ལས་གྲྭའི་འཛུགས་སྐྲུན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ཀྲུང་གོའི་འགྲེམས་ཁང་དང་། རྒྱལ་སྤྱིའི་འགྲེམས་ཁང་། འཚོ་བའི་ཉམས་ཞིབ་ཁང་། རྩི་ཤིང་ཁང་། ཡུང་ཉིང་བསིལ་ཁང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། ལྟེ་བ་གཅིག་དང་། གཞུང་གཉིས། ཁུལ་གསུམ། ཡན་ལག་ཁུལ་མང་པོ་བཅས་ཀྱི་འཛམ་གླིང་ལྡུམ་རའི་གླིང་ཁུལ་གྲུབ་ཟིན་ཡོད། ཞབས་ཞུའི་འགན་སྲུང་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། འཁོར་རྒྱུག་དོ་དམ་དང་། སྐུ་མགྲོན་སྣེ་ལེན། ཡུལ་སྐོར་ཞབས་ཞུ། བདེ་སྲུང་ཚོགས་པ་སོགས་ཚོགས་པ་༡༢ཀྱི་མི་གྲངས་༤༠༠༠ལ་ཉེ་བ་ཚང་མ་འབྱོར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།