ཀྲུང་གོ་འདི་ཉིད་ཉིན་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ལས་སྐྲུན་བྱེད་ཡུལ་བཟང་པོ་ཞིག་ཏུ་འགྱུར་བཞིན་ཡོད་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་འདི་ཉིད་ཉིན་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ལས་སྐྲུན་བྱེད་ཡུལ་བཟང་པོ་ཞིག་ཏུ་འགྱུར་བཞིན་ཡོད། སྤྱི་ལོ་2018ལོར་ཀྲུང་གོས་རིམ་རྩིས་བྱས་ན་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣར་ལས་ཀའི་ཆོག་འཐུས་ལག་ཁྱེར་གསུམ་འབུམ་གསུམ་ཁྲི་དྲུག་སྟོང་སྤྲད་པས། ཀྲུང་གོའི་མངའ་ཁོངས་སུ་ལས་དོན་སྒྲུབ་མཁན་ཕྱི་རྒྱལ་བ་དགུ་འབུམ་ལྔ་ཁྲི་ལས་བརྒལ་ཡོད་པ་རེད།

ཉེ་ལམ་ལོ་ཤས་རིང་། ཀྲུང་གོས་སྔར་བས་དངོས་གཉེར་གྱི་ཤེས་ལྡན་མི་སྣ་ནང་འདྲེན་སྲིད་ཇུས་ལ་བརྟེན་ནས། ཀྲུང་གོར་སླེབས་པའི་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་འཐུས་མཆན་འགོད་པའི་འཛིན་ཡིག་དང་སྡོད་གནས་ཐད་ཀྱི་ཆ་རྐྱེན་སྔར་བས་ལྷུག་དུ་བཏང་བ་དང་། གོ་རིམ་སྟབས་བདེ་རུ་བཏང་བ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྤྱི་ཚོགས་འགན་སྲུང་དང་ཐེམ་ཐོ། བུ་ཕྲུག་གི་སློབ་གསོ་སོགས་གནད་དོན་ཐག་གཅོད་བཅས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།