རི་བོང་གཉིས་པ་རྟཊ་ཅན་གྱི་མཚན་ལས་ལེགས་སྒྲུབ་ཟིན་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ད་ལོའི་སྤྱི་ཟླ་1པོའི་ཚེས་3ཉིན། ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཀྱིས་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ག་ལེར་འབབ་རྒྱུ་ལེགས་གྲུབ་བྱུང་བ་དང་། དེ་རྗེས་ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱི་ས་འབབ་འཕྲུལ་ཆས་དང་རི་བོང་གཉིས་པ་རྟགས་ཅན་གྱི་སྐོར་ཞིབ་ཡོ་བྱད་བདེ་བླག་ངང་ཁ་གྱེས་ཏེ་འཆར་གཞི་ལྟར་ཚན་རིག་འཚོལ་ཞིབ་ཀྱི་ལས་འགན་སྒྲུབ་ཡོད། ཟླ་བ་4་པའི་ཉིན་མོའི་ལས་དོན་ལེགས་གྲུབ་ཚར་རྗེས་ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱི་ས་འབབ་འཕྲུལ་ཆས་དང་རི་བོང་གཉིས་པ་རྟགས་ཅན་གྱི་སྐོར་ཞིབ་ཡོ་བྱད་སྤྱི་ཟླ་4པའི་ཚེས་12ཉིན་ནས་བཟུང་། འཆར་གཞི་ལྟར་རྒྱུན་གཏན་གྱི་ངལ་གསོ་བའི་དུས་ལ་སླེབས་ཡོད། སྔོན་དཔག་བྱས་ན། ཁག་སོ་སོར་སྤྱི་ཟླ་4པའི་ཚེས་29གྱི་ཆུ་ཚོད་7པ་དང་། སྤྱི་ཟླ་4པའི་ཚེས་28ཉིན་གྱི་ཆུ་ཚོད་12དང་སྐར་མ་17ཐོག་སླར་ཡང་ཟླ་བ་5པའི་ཉིན་མོའི་ལས་དོན་སྒྲུབ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མདུན་གྱི་ཟླ་བ་4ཡི་ཉིན་མོའི་ལས་དོན་སྒྲུབ་རིང་། རི་བོང་གཉིས་པ་རྟགས་ཅན་གྱི་སྐོར་ཞིབ་ཡོ་བྱད་ཀྱིས་རིམ་རྩིས་བྱས་ན་སྨི་178.9བསྐྱོད་པ་དེ་རི་བོང་དང་པོ་རྟགས་ཅན་གྱིས་ཟླ་བའི་གོ་ལའི་ངོས་སུ་སྨི་114.8བསྐྱོད་པའི་ཟིན་ཐོ་ལས་བརྒལ་ཡོད། ཞིབ་བཟོའི་རུ་ཁག་གིས་མུ་མཐུད་བཀོལ་སྤྱོད་ཞིབ་ཚགས་དང་། ལྟ་སྐུལ་ཚོད་འཛིན་ནན་པོ། བདེ་འཇགས་འགན་ལེན་བཅས་བྱས་ཏེ། རི་བོང་གཉིས་པ་རྟགས་ཅན་གྱི་སྐོར་ཞིབ་ཡོ་བྱད་ཀྱིས་དེ་བས་རྒྱང་ཐག་རིང་བར་བསྐྱོད་ཐུབ་པ་བྱས་ནས་ཚན་རིག་གྲངས་གཞི་སྔར་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག རྒྱལ་པོ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།