ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གྲོང་མི་མ་ཡིན་པའི་མི་སྒེར་དང་སྡོད་གནས་མེད་པའི་གྲོང་མི་མི་སྒེར་གྱི་འབྲེལ་ཡོད་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་གནད་དོན་སྐོར་གྱི་དྲིས་ལན་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉིན་ཤས་གོང་གྲོང་མི་མ་ཡིན་པའི་མི་སྒེར་དང་སྡོད་གནས་མེད་པའི་གྲོང་མི་མི་སྒེར་གྱི་འབྲེལ་ཡོད་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་སྐོར་གྱི་དྲིས་ལན་ཡོངས་བསྒྲགས་བྱས་ཡོད་པ་རེད།

སྤྱི་ཟླ་༣པའི་ཚེས་༡༧ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཕྱི་ཕྱོགས་ལ་གྲོང་མི་མ་ཡིན་པའི་མི་སྒེར་དང་སྡོད་གནས་མེད་པའི་གྲོང་མི་མི་སྒེར་གྱི་འབྲེལ་ཡོད་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ཡོད་པ་རེད། ཐེངས་འདིའི་དྲིས་ལན་གྱིས་སྤྱི་བསྒྲགས་ཀྱི་ནང་དོན་སྔར་བས་ཁ་གསལ་དུ་བཏང་ཡོད་པ་དང་། སྡོད་གནས་མེད་པའི་མི་སྒེར་གྱི་གླ་ཕོགས་ཐོབ་ཆ་དང་། ཕྱོགས་བསྡུས་ཐོབ་ཆའི་རྩིས་རྒྱག་ཁྲལ་འཇལ་སོགས་ཀྱི་ཐད་འགྲེལ་བཤད་ཞིབ་ཕྲ་བྱས་ཡོད་པ་རེད།

སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལ་བཟོ་བཅོས་རྒྱབ་རྗེས། སྡོད་གནས་མེད་པའི་གྲོང་མི་མི་སྒེར་གྱི་གླ་ཕོགས་ཐོབ་ཆ་ཕྱོགས་བསྡུས་ཐོབ་ཆའི་ནང་བཅུག་ཡོད། དྲིས་ལན་ནང་། སྡོད་གནས་མེད་པའི་མི་སྒེར་གྱི་གླ་ཕོགས་ཐོབ་ཆ་དེ་རྒྱལ་ནང་དུ་སྤྲོད་པའི་རྒྱལ་ནང་གི་ཐོབ་ཆ་དང་ཕྱི་རྒྱལ་དུ་སྤྲོད་པའི་རྒྱལ་ནང་གི་ཐོབ་ཆ་སོགས་ཆ་ཤས་བཞིར་དབྱེ་ཆོག སྡོད་གནས་མེད་པའི་མི་སྒེར་གྱིས་རྒྱལ་ནང་དུ་སྡོད་པའི་དུས་ཚོད་རིང་ཐུང་ལ་གཞིགས་ནས། གླ་ཕོགས་ཐོབ་ཆའི་དཔྱ་ཁྲལ་འཇལ་བའི་འོས་འགན་ཁྱབ་ཁོངས་གཏན་འཁེལ་བྱེད་དགོས། དཔེར་ན། སྡོད་གནས་མེད་པའི་མི་སྒེར་གྱིས་རྒྱལ་ནང་དུ་སྡོད་པའི་དུས་ཚོད་ཉིན་༩༠ལས་མ་བརྒལ་ན། རྒྱལ་ནང་དུ་སྤྲོད་པའི་རྒྱལ་ནང་ཐོབ་ཆར་གཞིགས་ནས་དཔྱ་ཁྲལ་འཇལ་དགོས་པའི་གླ་ཕོགས་ཐོབ་ཆའི་དཔྱ་ཁྲལ་རྩིས་རྒྱག་དགོས་ཞེས་བཤད་ཡོད་པ་རེད།

སྤྱི་བསྒྲགས་ནང་དོན་གྱི་རྨང་གཞིའི་ཐོག ད་ཐེངས་ཀྱི་དྲིས་ལན་ནང་། ཀྲུང་གོའི་མངའ་ཁོངས་ནང་སྡོད་གནས་ཡོད་པའི་མི་སྒེར་གྱི་སྡོད་གནས་དེ་ཡང་སྙིང་གང་འདྲ་ཞིག་ལ་ཟེར་མིན་གསལ་པོ་བཤད་ཡོད། དྲིས་ལན་ནང་། དཔྱ་ཁྲལ་བཅའ་ཁྲིམས་ནང་བཤད་པའི་སྡོད་གནས་ཞེས་པ་ནི་ངེས་ལྡན་གྱི་མཚན་ཉིད་ཅིག་ཡིན་ཞིང་། དེ་དང་དོན་དངོས་ཀྱི་སྡོད་གནས་གཉིས་གཅིག་པ་མིན། གོམས་གཤིས་རང་བཞིན་གྱི་གཞིས་ཆགས་པ་ནི་ཁྲལ་འཇལ་མཁན་ནི་གྲོང་མི་མི་སྒེར་ཡིན་ནམ་ཡང་ན་གྲོང་མི་མ་ཡིན་པའི་མི་སྒེར་ཡིན་པ་བརྡར་ཤ་གཅོད་པའི་ཁྲིམས་ལུགས་དོན་སྙིང་ཐད་ཀྱི་ཚད་གཞི་ཞིག་ཡིན། ཕྱི་རྒྱལ་གྱི་མི་སྒེར་གྱིས་སློབ་སྦྱོང་དང་ལས་ཀ། གཉེན་ཉེ་ཐུག་འཕྲད། ཡུལ་སྐོར་སོགས་ཀྱིས་རྐྱེན་པས་ཀྲུང་གོའི་མངའ་ཁོངས་ནང་བསྡད་ན། གོང་གསལ་གྱི་རྒྱུ་རྐྱེན་ཕུད་ཕྱི་རྒྱལ་གྱི་མི་སྒེར་དེ་སྔར་བཞིན་ཕྱི་རྒྱལ་དུ་ལོག་ནས་བསྡད་ན། དེའི་གོམས་གཤིས་རང་བཞིན་གྱི་གཞིས་སྡོད་ས་གནས་རྒྱལ་ནང་དུ་མིན་པས། ཕྱི་རྒྱལ་གྱི་མི་སྒེར་དེས་རྒྱལ་ནང་དུ་སྡོད་ཁང་ཉོས་ན་ཡང་། དེ་ཉིད་རྒྱལ་ནང་དུ་སྡོད་ཁང་ཡོད་པའི་མི་སྒེར་ལ་ངོས་འཛིན་བྱེད་མི་སྲིད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།