༼རྒྱུད་གཅིག་ལམ་གཅིག མཉམ་ལས་གཉིས་རྒྱལ།༽ རྒྱལ་ཁབ་གློག་དྲའི་པར་ཙིར་གྱི་རི་བོ་མི་ལིའི་ཆེས་མཐོ་གནོན།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་རང་ཚུགས་མ་འཇོག་དང་། འཛུགས་སྐྲུན། འཁོར་སྐྱོད་སྲུང་སྐྱོབ་བྱེད་པའི་ཆེས་མཐོ་གནོན་གློག་སྐྱེལ་རྣམ་གྲངས་ཡིན་པའི་ཆ་ནས། སྤྱིའི་རིང་ཚད་སྟོང་སྨི་༢༥༠༠ལས་བརྒལ་བའི་རྒྱལ་ཁབ་གློག་དྲའི་པར་ཙིར་གྱི་རི་བོ་མི་ལིའི་སྐབས་གཉིས་པའི་ཆེས་མཐོ་གནོན་གློག་སྐྱེལ་རྣམ་གྲངས་ཀྱིས་ཀྲུང་གོའི་ཆེས་མཐོ་གནོན་གློག་སྐྱེལ་ལག་རྩལ་དང་། གློག་ལས་བཟོ་བའི་སྒྲིག་བཀོད། ལས་གཞིའི་སྤྱིའི་འགན་གཙང་སྒྲུབ། འཁོར་སྐྱོད་དོ་དམ་བཅས་གཅིག་སྡུད་ངང་ཕྱི་རྒྱལ་གྱི་ཁྲོམ་རར་འཛུལ་རྒྱུ་མངོན་འགྱུར་བྱས་ཤིང་། ཀྲུང་གོས་པར་ཙིར་དང་དེ་མ་ཟད་ལ་ཐིན་མེ་གླིང་ས་ཁུལ་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་སྐུལ་སྤེལ་བྱེད་པའི་ལག་ལེན་གལ་ཆེན་ཏུ་གྱུར་ཡོད་པ་རེད།

ཞོགས་པར་ལས་ཚོགས་འཚོགས་མ་ཐག ཞའོ་པིང་དང་ཁོང་གི་པར་ཙིར་གྱི་ལས་གྲོགས་རྣམ་པས་རྣམ་གྲངས་ཀྱི་རེས་སྐོར་གསར་བའི་སྐུལ་སྤེལ་ལས་ཀའི་འགོ་བརྩམས་ཡོད། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་དུས་ཚིགས་གསུམ་པར་ཐོན་སྐྱེད་འཁོར་སྐྱོད་བྱེད་འགོ་ཚུགས་པའི་རྒྱལ་ཁབ་གློག་དྲའི་པར་ཙིར་གྱི་རི་བོ་མི་ལིའི་ཆེས་མཐོ་གནོན་ཕྱིར་སྐྱེལ་གྱི་སྐབས་གཉིས་པའི་རྣམ་གྲངས་མིག་སྔར་མཐའ་མའི་གདོང་མཆོང་གི་དུས་རིམ་དུ་གནས་ཡོད་པ་རེད།

ཧྲང་ཧེ་ནས་ཡོང་ཞིང་ལོ་རབས་༨༠བའི་ནང་སྐྱེས་པའི་ཞའོ་པིང་གིས། རི་བོ་མི་ལི་ཡི་སྐབས་གཉིས་པའི་རྣམ་གྲངས་ཀྱི་འཆར་འགོད་ཚོད་འཛིན་པུའུ་ཡི་སྤྱི་གཉེར་གྱི་ལས་འགན་འཁུར་ཡོད། ཁོང་གིས། ད་ལྟ་ལས་ཀ་བཀོད་སྒྲིག་བྱེད་རྒྱུར་བྱང་ཆ་ལྡན་པ་མ་གཏོགས། ལོ་༧གྱི་གོང་རྣམ་གྲངས་འགོ་བརྩམས་མ་ཐག་པའི་སྐབས་དེ་དུས། སྔོན་གློག་ཤུགས་ལག་རྩལ་ཀྲུང་གོའི་མདུན་གྲལ་དུ་གནས་པའི་པར་ཙིར་ལ་ཀྲུང་གོ་བས་རང་ཚུགས་གསར་གཏོད་བྱས་པའི་ཆེས་མཐོ་གནོན་ལག་རྩལ་ཁས་ལེན་དུ་འཇུག་རྒྱུ་ནི་ལས་སླ་བའི་དོན་དག་ཅིག་མིན།

པར་ཙིར་དུ། གློག་ཐེག་ཚད་བརྒྱ་ཆ་༨༠ལྷོ་རྒྱུད་དང་ཤར་ལྷོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་དུ་ཁྱབ་ཡོད་པ་དང་། འོན་ཏེ་གློག་འདོན་ལྟེ་གནས་པར་ཙིར་གྱི་བྱང་རྒྱུད་དེ་ཆུ་ཤུགས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ཡ་མ་སོན་ཆུ་བོའི་བཞུར་རྒྱུན་དུ་གནས་ཡོད་ལ། ནུབ་བྱང་བརྒལ་ཚད་སྤྱི་ལེ་༢༠༠༠ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་གློག་དྲའི་རི་བོ་མི་ལིའི་ཆེས་མཐོ་གནོན་ཕྱིར་སྐྱེལ་གྱི་སྐབས་གཉིས་པའི་རྣམ་གྲངས་ནང་། སྤྱི་ལེ་༢༥༣༩ཡི་འཛམ་གླིང་ཐོག་བར་ཐག་ཆེས་རིང་བའི་±༨༠༠kvཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་སྐྱེལ་ལམ་ཐིག་ཅིག་གསར་སྐྲུན་བྱས་ཡོད་པ་དང་། ལས་གཞིའི་ལམ་ཐིག་ནི་པར་ཙིར་གྱི་མངའ་སྡེ་༥དང་། གྲོང་ཁྱེར་༧༨བརྒྱུད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།