མཚོ་དམག་བཙུགས་ནས་ལོ་ངོ་༧༠འཁོར་བ་དང་། མཚོ་དམག་འཐུས་མིས་གཅིག་མཐུན་དུ་དཔའ་ངར་ཆེ་སྐྱེད་ཀྱིས་མཚོ་དམག་གི་རྣམ་པ་བརྗེ་སྒྱུར་གྱི་འཛུགས་སྐྱོང་གོང་འོེལ་བྱེད་མགྱོགས་སུ་གཏོང་རྒྱུ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོ་ནི་མི་དམངས་མཚོ་དམག་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པ་དང་། མཚོ་དམག་ཁོངས་གཏོགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གཅིག་མཐུན་དུ་མཚོ་དམག་དཔོན་དམག་ཚོས་དཔའ་ངར་ཆེ་སྐྱེད་ཀྱིས་མཚོ་དམག་གི་རྣམ་པ་བརྗེ་སྒྱུར་གྱི་འཛུགས་སྐྱོང་གོང་འཕེལ་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་དམག་འཛུགས་སྐྱོང་ཐད་ལ་གལ་ཆེའི་མཛུབ་སྟོན་བླང་བྱ་རབ་དང་རིམ་པ་བཏོན་ནས་མཚོ་དམག་གི་རྣམ་པ་བརྗེ་སྒྱུར་འཛུགས་སྐྱོང་གི་དམིགས་འབེན་གསལ་པོ་སྟོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བྱང་རྒྱུད་དམག་ཁུལ་མཚོ་དམག་གི་དམག་སྤྱི་གཞོན་པ་དང་བྱང་རྒྱུད་དམག་ཁུལ་མཚོ་དམག་མཁའ་འགྲུལ་དམག་གི་དམག་སྤྱི་གཅིག་ལྕོགས་ཝུ་ཝའེ་པའོ་ནི་མཚོ་དམག་ནང་ལོ་༤༠དམག་ཞབས་བསྒྲུབས་པའི་དམག་མི་རྙིང་པ་ཞིག་ཡིན། ཝུ་ཧའེ་པའོ་ཡིས། མཚོ་དམག་མཁའ་འགྲུལ་དམག་མི་ཞིག་དང་། གནམ་གྲུ་གཏོང་མཁན་རྙིང་པ་ཞིག་ཡིན་པའི་ངོས་ནས་ང་ཚོའི་གནམ་གྲུ་གཏོང་མཁན་ཚོའི་ཕྱིར་སྤོབས་སེམས་སྐྱེ་བ་ཙམ་མ་ཟད་ང་ཚོའི་རླབས་ཆེན་དམག་དཔུང་དང་རྒྱལ་ཁབ་ཀྱི་ཕྱིར་སྤོབས་སེམས་སྐྱེ་གི་འདུག་ཅེས་བཤད་ཡོད།

མཚོ་དམག་མཁའ་འགྲུལ་དམག་སློབ་ཆེན་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཁྲའོ་ཡིས་གསར་འགོད་པར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གྱིས་སློབ་གྲྭ་ཡོངས་ཀྱི་དཔོན་དམག་ཚོར་མཚོ་དམག་གི་རྣམ་པ་བརྗེ་སྒྱུར་འཛུགས་སྐྱོང་གི་བླང་བྱ་དམ་པོར་བཟུང་ནས་མ་འོངས་མཚོ་ཐོག་འཐབ་སར་གཞིགས་ཏེ་སློབ་ཁྲིད་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱ་རྒྱུར་སྐུལ་ལྕགས་བྱས་ཡོད་ཅེས་བཤད་འདུག

ཉེ་བའི་ལོ་ཤས་ནང་། མཚོ་དམག་དམག་གྲུ་རུ་ཁག་གིས་རྒྱུན་རྣམ་ཅན་གྱི་རྒྱང་རིང་མཚོ་འགྲུལ་བྱས་པས་རྒྱང་རིང་མཚོ་འགྲུལ་སྦྱོང་བརྡར་དང་། མཉམ་སྦྲེལ་དམག་སྦྱོང་། རྒྱང་རིང་མཚོ་འགྲུལ་སྲུང་སྐྱོབ། མཚོ་འགྲུལ་འཚོལ་སྐྱོབ་སོགས་པའི་ལས་འགན་གལ་ཆེན་ཁྲོད་མཚོ་དམག་དཔོན་དམག་མང་པོ་ཞིག་ལ་སྦྱོང་བརྡར་ཐེབས་ནས་རྒྱང་རིང་མཚོ་འགྲུལ་སྦྱོང་བརྡར་རྒྱུན་རྣམ་ཅན་དང་། དངོས་སྦྱོང་དངོས་སྦྱོང་སྦྱོང་བརྡར་རྒྱུན་རྣམ་ཅན། དམག་གྲབས་སྐོར་འགྲུལ་རྒྱུན་རྣམ་ཅན་བཅས་མངོན་གྱུར་བྱུང་ཡོད་པ་རེད།

ཡོང་ཁུངས། ང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།