སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཡོད་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལི་ཧྥེ་ཡིས་གནང་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་མ་ཟད་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་བརྡས་གཅོད་མ་ཟིན་ལ་གྲོས་ཞིབ་གནང་ཡོད།

ཚོགས་འདུའི་ཐོག་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཡང་ཀྲེན་ཝུ་ཡིས་གནང་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་སྲིད་གཞུང་ལས་དོན་སྙན་ཞུ་དང་། སྤྱི་ལོ་༢༠༡༨ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ལག་ལེན་བསྟར་ཚུལ་དང་སྤྱི་ལོ་༢༠༡༩ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད། སྤྱི་ལོ་༢༠༡༨ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་སྤྱི་ལོ་༢༠༡༩ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་གྲོས་ཆོད་འཆར་ཟིན་དྲུག་ལ་གྲོས་ཞིབ་བྱས་ཚུལ་སྙན་ཞུ་ཕུལ་བར་གསན་གནང་བ་མ་ཟད་གྲོས་ཆོད་འཆར་ཟིན་དྲུག་གི་བརྡས་གཅོད་མ་ཟིན་ལ་གྲོས་ཞིབ་གནང་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་གྱི་གཏན་འབེབས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལས་དགོངས་ཞུས་པ་དང་ལེན་བྱས་པ་རྣམས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་རྗེས་མའི་ཐོག་ཐག་གཅོད་བྱ་རྒྱུར་འབུལ་དགོས། སྤྱི་ལོ་༢༠༡༨ལོའི་ཟླ་བ་༦པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲང་རུང་ཧྲུན་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་ལས་དགོངས་ཞུ་བྱ་རྒྱུའི་རེ་བ་དང་ལེན་བྱས་པའི་གཏན་འབེབས་ལ་གྲོས་འཆམ་བྱས་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱ་རྒྱུར་ཕུལ་ཡོད། ཚོགས་འདུའི་ཐོག་ཡང་ཀྲེན་ཝུ་ནས་གནང་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲང་རུང་ཧྲུན་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་ལས་དགོངས་ཞུ་བྱ་རྒྱུའི་རེ་བ་དང་ལེན་བྱས་པའི་གཏན་འབེབས་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་མ་ཟད་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཀྲང་རུང་ཧྲུན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་ལས་དགོངས་ཞུ་བྱ་རྒྱུའི་རེ་བ་དང་ལེན་བྱས་པའི་གཏན་འབེབས་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་བརྡས་གཅོད་མ་ཟིན་དང་གོང་གསལ་གྱི་གྲོས་ཆོད་འཆར་ཟིན། གྲོས་ཆོད་འཆར་ཟིན་གྱི་བརྡས་གཅོད་མ་ཟིན་བཅས་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།