རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༤ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

སྤྱི་ཟླ་༣ཚེས་༡༢ཉིན་གྱི་ཕྱི་དྲོ། འཐུས་མི་ཚོགས་པ་ཁག་གིས་བཟོ་བཅོས་བྱས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་འཆར་ཟིན་འདིར་གྲོས་ཞིབ་བྱས་པ་དང་། འཆར་ཟིན་གྱི་གྲོས་ཆོད་གྲོས་གཞི་བཏོན་ཡོད། ཀྲུའུ་ཞི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་རེན་ལི་ཕེ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་བཟོ་བཅོས་བྱས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་སྙན་ཞུ་གསན་ཡོད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་བཟོ་བཅོས་བྱས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་སྙན་ཞུ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཆོད་གྲོས་གཞིར་གྲོས་འཆམ་བྱུང་བ་དང་། འཐུས་མི་ཚོགས་པ་ཁག་ལ་འཆར་ཟིན་གྱི་གྲོས་ཆོད་གྲོས་གཞི་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་ཡོད།

སྤྱི་ཟླ་༣ཚེས་༩ཉིན་གང་། འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་ནན་ཏན་བྱས་ཡོད། འཐུས་མི་ཚོས་སྙན་ཞུ་དེར་གཅིག་མཐུན་དུ་མོས་མཐུན་བྱས་ཡོད། འཐུས་མི་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་གཞིགས་ནས་སྙན་ཞུའི་ནང་བཟོ་བཅོས་ཁག་༩བྱས་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་བཟོ་བཅོས་ཟིན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་གྲོས་ཆོད་འཆར་ཟིན་ཚབ་བྲི་བྱས་ཡོད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། འཐུས་མི་ཚོགས་པ་ཁག་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་ཡོད།

སྤྱི་ཟླ་༣ཚེས་༡༢ཉིན་གྱི་ཕྱི་དྲོ་དང་། ཚེས་༡༣ཉིན་གང་། འཐུས་མི་ཚོགས་པ་ཁག་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་ནན་ཏན་བྱས་ཡོད། འཐུས་མི་ཚོས་ཆེས་མཐོའི་མི་དམངས་ཁྲིམས་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་གདེང་འཇོག་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་གི་༢༠༡༩ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་ཡོད་ལུགས་བསྟན་ཡོད། འཐུས་མི་ཚོགས་པ་ཁག་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་ཆོག་མཆན་སྤྲོད་རྒྱུར་གཅིག་མཐུན་དུ་མོས་བྱས་ཡོད། གྲོས་ཞིབ་བྱེད་པའི་ནང་། འཐུས་མི་ཚོས་བསམ་འཆར་དང་གྲོས་འགོ་ཁག་ཅིག་ཀྱང་བཏོན་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་སོ་སོའི་སྙན་ཞུར་བཟོ་བཅོས་ནན་ཏན་བྱས་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་དང་སྙན་ཞུ་བཟོ་བཅོས་བྱས་ཚུལ་ལ་གཞིགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་མ་ཟད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གཉིས་ཚབ་བྲི་བྱས་ཡོད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། འཐུས་མི་ཚོགས་པ་ཁག་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་ཡོད།

ཚོགས་འདུའི་ཐོག ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ཤིན་ཁྲུན་དབྱིན་གྱིས་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་གནང་བ་གསན་ཡོད། ཤིན་ཁྲུན་དབྱིན་གྱིས། སྤྱི་ཟླ་༣ཚེས་༡༡ཉིན་ཆུ་ཚོད་༡༢བར། ཚོགས་ཆེན་གྱི་དུང་ཡིག་ཁྲུའུ་ལ་ཁྱོན་འཐུས་མི་ཚོས་བཏོན་པའི་གྲོས་གཞི་༤༩༡འབྱོར་ཡོད་པ་དེ་ན་ནིང་ལས་བརྒྱ་ཆ་༥༡འཕར་ཡོད་པ་རེད། དེའི་ནང་ཁྲིམས་བཙུགས་ཐད་ཀྱི་འབྲེལ་ཡོད་གྲོས་གཞི་༤༨༧དང་། ལྟ་སྐུལ་ཐད་ཀྱི་འབྲེལ་ཡོད་གྲོས་གཞི་༤ འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི་༡༤ འཐུས་མིས་མཉམ་སྦྲེལ་ཐག་བཏོན་པའི་གྲོས་གཞི་༤༧༧བཅས་ཡོད། གྲོས་གཞིའི་ནང་དོན་གཙོ་བོ་གཤམ་གྱི་ཕྱོགས་འགའ་ཤས་ཐད་གཅིག་འདུས་བྱས་ཡོད་དེ། གཅིག་ནི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། གསུམ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྔོ་ལྗང་ཅན་གྱི་གོང་འཕེལ་ལ་གཏོང་བ། བཞི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ། ལྔ་ནི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་བ་བཅས་ཡིན། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས། འཐུས་མི་ཚོས་བཏོན་པའི་གྲོས་གཞི་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཞིབ་བྱ་རྒྱུའི་གྲོས་གཞི་གཅིག་ཀྱང་མེད་པའི་ངོས་འཛིན་བྱས་ཡོད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་འཐུས་མི་ཚོ་ས་བཏོན་པའི་གྲོས་གཞི་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་མངག་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་བསྐྱེལ་རྒྱུའི་གྲོས་འགོ་བཏོན་ཡོད། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་གྲོས་གཞི་དེ་དག་ལ་གྲོས་ཞིབ་བྱས་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་འབུལ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་ལ་གྲོས་འཆམ་བྱུང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་དཔར་འགྲེམས་བྱ་རྒྱུ་ཡིན་པ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོའི་གྲོས་གཞིའི་གྲོས་ཞིབ་དང་འབྲེལ་ཡོད་ལས་དོན་ཐད་གཤམ་གྱི་གྲོས་འགོ་འདོན་རྒྱུ་སྟེ། འཐུས་མིའི་གྲོས་གཞིའི་གྲོས་ཞིབ་ལས་དོན་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། གལ་ཆེའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འཆར་ཟིན་གསར་པ་བཟོ་བ་དང་། བཟོ་བཅོས་རྒྱག་པ། མེད་པ་བཟོ་བ། འགྲེལ་བཤད་རྒྱག་རྒྱུ་བཅས་མཉམ་དུ་བཟུང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛུགས་ལས་དོན་གྱི་སྤུས་ཚད་དང་ལས་ཕྱོད་ཟམ་མི་ཆད་པར་མཐོ་ རུ་གཏོང་རྒྱུ། འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱ་དང་། འཐུས་མི་དང་མི་དམངས་མང་ཚོགས་བར་འབྲེལ་བར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ་མི་དམངས་ཀྱི་རེ་འབོད་ལ་བརྡ་ལན་ཡོད་པ་བྱ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་གྱི་སྙན་ཞུར་གྲོས་འཆམ་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན།