རྒྱལ་ཁབ་ལས་ཁུངས་བྱ་དོན་དོ་དམ་ཅུད་ཀྱིས་སྤྱི་ལོ་༢༠༡༨ལོ་འཁོར་མོའི་ཀྲུང་དབྱང་སྲིད་འཛིན་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་ངེས་རྩིས་སྙན་ཞུའི་རྩོམ་སྒྲིག་སྙན་ཞུའི་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ལས་ཁུངས་བྱ་དོན་དོ་དམ་ཅུད་ཀྱིས་ཉེ་དུས་སྤྱི་ལོ་༢༠༡༨ལོ་འཁོར་མོའི་ཀྲུང་དབྱང་སྲིད་འཛིན་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་ངེས་རྩིས་སྙན་ཞུའི་རྩོམ་སྒྲིག་སྙན་ཞུའི་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་དགོས་ཞེས་བརྡ་ཐོ་གཤམ་སྤེལ་བྱས་ཡོད།

བརྡ་ཐོའི་ནང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་ཚན་པ་ཁག་གིས་ རང་རིམ་པ་དང་ཁོངས་གཏོགས་རིམ་ཁག་ནོར་དོན་ཁེར་རྐྱང་མཇུག་རྩིས་ཚན་པས་ཁྱོན་ཡོངས་གཙང་བཤེར་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ། སྤྱི་ལོ་༢༠༡༨ལོ་འཁོར་མོའི་གཞུང་དོན་སྒྲུབ་སའི་ཁང་པ་དང་། སྤྱི་དོན་དུ་རླངས་འཁོར་བེད་སྤྱོད་བྱས་པ། སྒྲིག་ཆས་དང་ཁྱིམ་ཆས་གསོག་འཇོག་གནས་ཚུལ་བཅས་ཞིབ་དཔྱད་བྱེད་དགོས་པ་དང་། རྒྱུ་ནོར་ཆ་སྦྱོར་དང་ཐག་གཅོད། ཕྱི་ཕྱོགས་སུ་མ་འཇོག་བྱས་པ། འབྲེལ་ཡོད་དབང་ཆ་དང་ཁེ་ཕན། རྒྱུ་ནོར་བོགས་གཏོང་དང་གཡར་བ། བེད་མེད་དུ་བཞག་པ་བཅས་ཀྱི་གནས་ཚུལ་བསྡོམས་རྩིས་རྒྱག་པ། རྒྱུ་ནོར་ངེས་རྩིས་བྱས་པའི་ཞིབ་ཕྲའི་རེའུ་མིག་འབྲི་བ། ཕྱོགས་སྡོམ་རེའུ་མིག་གྲུབ་རྗེས་རིམ་པ་བཞིན་གོང་རིམ་ལ་སྙན་ཞུ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་དང་།

བརྡ་ཐོའི་ནང་། ལས་ཁུངས་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་སྡེ་ཁག་དང་། རྒྱུ་ནོར་སྒྱུར་སྤྲོད་བྱས་ཟིན་པ། སྒྱུར་སྤྲོད་བྱས་ཟིན་པའི་ལས་ཁུངས་ཀྱིས་རྒྱུ་ནོར་གྱི་ལོ་རེའི་སྙན་ཞུ་གོང་འབུལ་བྱེད་དགོས། རྒྱུ་ནོར་སྒྱུར་སྤྲོད་ལེགས་སྒྲུབ་མ་བྱུང་བ་རྣམས་གལ་ཏེ་སྒྱུར་སྤྲོད་བྱེད་པའི་རྒྱུ་ནོར་གྱི་ཁྱབ་ཁོངས་ཁ་གསལ་ལ་དོགས་གནད་མེད་ཚེ་དང་ལེན་བྱེད་མཁན་ཕྱོགས་ནས་གོང་རིམ་ལ་སྙན་ཞུ་འབུལ་དགོས། གལ་ཏེ་སྒྱུར་སྤྲོད་རྒྱུ་ནོར་གྱི་ཁྱབ་ཁོངས་ཁ་གསལ་མེད་པ་རྣམས་གྲོས་མོལ་བརྒྱུད་གཅིག་མཐུན་བྱུང་རྗེས་སྒྱུར་སྤྲོད་བྱེད་མཁན་གྱིས་གོང་རིམ་ལ་སྙན་ཞུ་འབུལ་དགོས། རྒྱུ་ནོར་སྒྱུར་སྤྲོད་བྱེད་མཁན་ཕྱོགས་དང་དང་ལེན་བྱེད་མཁན་ཕྱོགས་བར་འབྲེལ་གཏུག་གང་ལེགས་བྱས་ཏེ་བསྐྱར་ཟློས་དང་ཆད་ལུས་མི་ཡོང་བའི་འགན་ལེན་བྱེད་དགོས། རྒྱུ་ནོར་ངེས་རྩིས་སྙན་ཞུའི་གཙོ་གནད་དེ་ནོར་དོན་ངེས་རྩིས་སྙན་ཞུའི་གཙོ་གནད་དང་གཅིག་མཐུན་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། བརྡ་ཐོའི་ནང་། རྒྱལ་ཁབ་ལས་ཁུངས་བྱ་དོན་དོ་དམ་ཅུད་ཀྱིས་སྤྱི་ཟླ་བཞི་པའི་ཟླ་སྟོད་དུ་སྡེ་ཁག་ཁག་དང་། ལས་ཁུངས་ཁག་གིས་གོང་འབུལ་ཞུས་པའི་རྒྱུ་ནོར་ངེས་རྩིས་ཡིག་ཆར་གཅིག་སྡུད་ཐོག་ཞིབ་དཔྱད་སྒྲིག་འཛུགས་བྱ་རྒྱུ་དང་། གནད་དོན་ལ་ལན་ཆ་བྱེད་དགོས་པ་མ་ཟད་བཟོ་བཅོས་གྲོས་འགོ་འདོན་དགོས། སྤྱི་ལོ་༢༠༡༩ལོའི་ཟླ་བ་༥པའི་ཚེས་༡༥གོང་། སྡེ་ཁག་ཁག་དང་ལས་ཁུངས་ཁག་གི་རྒྱུ་ནོར་ངེས་རྩིས་ཕྱོགས་སྡོམ་སྙན་ཞུར་ཞིབ་དཔྱད་བསམ་འཆར་འདོན་དགོས་པ་མ་ཟད། ཚན་པའི་རང་རིམ་པའི་རྒྱུ་ནོར་ངེས་རྩིས་སྙན་ཞུར་མཆན་འགོད་བཀའ་ལན་བྱེད་དགོས། སྡེ་ཁག་ཁག་དང་ལས་ཁུངས་ཁག་གིས་རྒྱལ་ཁབ་ལས་ཁུངས་བྱ་དོན་དོ་དམ་ཅུད་ཀྱིས་ཞིབ་དཔྱད་བྱས་པའི་བསམ་འཆར་ལྟར། སྤྱི་ཟླ་༥པའི་ཚེས་༣༡ཉིན་གོང་རང་ཚན་པའི་ཁོངས་གཏོགས་ཀྱི་ནོར་དོན་ཁེར་རྐྱང་ཞིབ་རྩིས་ལས་ཁུངས་གཞན་དག་གི་རྒྱུ་ནོར་ངེས་རྩིས་སྙན་ཞུར་མཆན་འགོད་བཀའ་ལན་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།