འགྲིམ་འགྲུལ་སྐྱེལ་འདྲེན་པུས་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱིས་ཁྱོན་བསྡོམས་འགྲུལ་པ་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་གསུམ་དང་ས་ཡ་བརྒྱད་སྐྱེལ་འདྲེན་བྱས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་ཡོད། རག་རྩིས་བྱས་པར་གཞིགས་ན། ཉིན་བདུན་གྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་གཞུང་ལམ་ཐོག་སྔོན་དཔག་བྱས་ན་འགྲུལ་པ་མིའི་ཐེངས་གྲངས་དུང་ཕྱུར་གསུམ་དང་བྱེ་བ་གསུམ་དང་ས་ཡ་བརྒྱད་སྐྱེལ་འདྲེན་བྱས་པ་དང་། ལོ་གསར་ཚེས་དྲུག་སྐབས་དཔྱིད་གསར་དུས་ཆེན་སྐྱེལ་འདྲེན་རིང་འགྲུལ་པ་ཕྱིར་ལོག་གི་མཐོ་རླབས་འཕྱུར་བ་དང་། གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ས་ཡ་བདུན་དང་བྱེ་བ་དགུ་དང་གསུམ་འབུམ་ལྷག་ཟིན་པ། དཔྱིད་གསར་དུས་ཆེན་རིང་ཚབས་ཆེའི་གློ་བུར་དོན་རྐྱེན་དང་འགྲིམ་འགྲུལ་ཚབས་ཆེན་འགག་པ། འགྲུལ་པ་ལུས་པ་བཅས་ཀྱི་གནས་ཚུལ་ཐོན་མེད་པ། དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་འགྲིམ་འགྲུལ་བདེ་འཇགས་ཤར་གཏོང་ཐུབ་ཡོད་པས། མང་ཚོགས་རྣམས་བློ་བདེ་བག་ཕེབས་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།