འཕྲལ་བསྟུན་དོ་དམ་པུས་དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་སུ་ཚབས་ཆེའི་དོན་རྐྱེན་ཐོན་མེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་གསར་དུས་ཆེན་རིང་། རྒྱལ་ཡོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་སྔ་ས་ནས་བཀོད་སྒྲིག་དང་སྔ་ས་ནས་བྱ་སྤྱོད་སྤེལ་ཏེ་བདེ་འཇགས་ཁྲིམས་འཛིན་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་བས། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་བྱུང་ཡོད། སྤྱི་ཟླ་2པའི་ཚེས་10ཉིན་གྱི་ཆུ་ཚོད་18ཐོག་བར་སླེབས་དུས། རྒྱལ་ཡོངས་སུ་ཚབས་ཆེའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཐོན་མེད་ལ། མེ་ཤོར་ཚད་དང་རྐྱེན་ལམ་དུ་ཤོར་མཁན་མི་གྲངས། དེ་བཞིན་ཐད་ཀའི་དཔལ་འབྱོར་གྱོང་གུན་ཕོག་ཚད་ཁག་སོ་སོར་དུས་མཚུངས་ལས་བརྒྱ་ཆ་19དང་གྲངས་ཆུང་7དང་བརྒྱ་ཆ་7དང་གྲངས་ཆུང་8 བརྒྱ་ཆ་13དང་གྲངས་ཆུང་6བཅས་ཆག་པ་དང་། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཤོར་ཚད་དུས་མཚུངས་ལས་བརྒྱ་ཆ་30ཆག་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།