དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་ལ་ཅུང་མགྱོགས་པའི་འཕར་ཚད་རྒྱུན་འཁྱོངས་བྱས་པ་དང་། རིག་གནས་དང་ཡུལ་སྐོར་ཁྲོམ་ར་དར་རྒྱས་གོ་རིམ་ལྡན་པ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ཁྲོད་ཅུང་མགྱོགས་པའི་འཕར་སྣོན་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཚོང་དོན་པུའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ལོ་གསར་གནམ་གང་ནས་ཚེས་དྲུག་ཉིན་བར། རྒྱལ་ཡོངས་ཀྱི་སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་འཚོང་དངུལ་གྲངས་སྒོར་དུང་ཕྱུར་ཆིག་ཁྲི་སྟོང་མེད་ལྔ་བཅུ་ཟིན་པ་དེ། ན་ནིང་དཔྱིད་གསར་དུས་ཆེན་གྱི་དུས་བཟང་གཟའ་འཁོར་ལས་བརྒྱ་ཆ་8དང་གྲངས་ཆུང་5མང་དུ་ཕྱིན་ཡོད་པ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་སྤྱིའི་ཆ་ནས་བདེ་འཇགས་དང་གོ་རིམ་ལྡན་པ། སྤུས་ལེགས། ཕན་ནུས་ཆེ་བ། ཤེས་དཔལ་བཅས་ཀྱི་དམིགས་འབེན་མངོན་འགྱུར་ཐུབ་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྤྱི་ཚེས་10ཉིན་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར། ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་སྡེ་ཁག འཕྲིན་གཏོང་ལས་གཉེར་ཚོང་ཁང་། དྲ་ཐོག་ཡུལ་སྐོར་ཞབས་ཞུའི་ཚོང་ཁང་བཅས་ཀྱི་གྲང་གཞི་ཕྱོགས་བསྡུས་བྱས་པ་དང་། ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་ཁང་གིས་ཕྱོགས་བསྡུས་ཚོད་རྩིས་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་སྤྱིའི་མི་གྲངས་མི་ཐེངས་དུང་ཕྱུར་བཞི་དང་བྱེ་བ་གཅིག་དང་ས་ཡ་ལྔ་ཟིན་པ་དེ། དུས་མཚུངས་ལས་བརྒྱ་ཆ་7དང་གྲངས་ཆུང་6མང་དུ་ཕྱིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་5139ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8དང་གྲངས་ཆུང་2མང་དུ་ཕྱིན་པ། རིག་གནས་དང་ཡུལ་སྐོར་ཁྲོམ་ར་དར་རྒྱས་གོ་རིམ་ལྡན་པ་ཞིག་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།