དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགག་སྒོ་ནས་འགྲོ་འོང་བྱེད་མཁན་མི་གྲངས་བརྒྱ་ཆ་བཅུ་ལྷག་འཕར་བ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་སྤྱི་ཚེས་༡༠ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུད་ནས་ཤེས་རྟོགས་བྱས་པར། སྤྱི་ལོ་༢༠༡༩ལོའི་དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་འགག་སྒོ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཉིས་དང་ལྔ་འབུམ་སུམ་ཁྲི་སུམ་སྟོང་ཞིབ་བཤེར་བྱས་ཤིང་། སྤྱི་ལོ་༢༠༡༨ལོའི་དཔྱིད་གསར་དུས་ཆེན་རིང་དང་བསྡུར་ན་བརྒྱ་ཆ་བཅུ་དང་གྲངས་ཆུང་དགུ་དགུ་འཕར་ཡོད་པ་རེད། དེའི་ནང་། རྒྱལ་ཁོངས་སུ་ཚུར་ཡོང་མཁན་མི་ཐེངས་ས་ཡ་དྲུག་དང་ཉིས་འབུམ་ཉིས་ཁྲི་ཉིས་སྟོང་ཟིན་ཞིང་། དུས་མཚུངས་ལས་བརྒྱ་ཆ་དགུ་དང་གྲངས་ཆུང་ལྔ་གཅིག་འཕར་བ་དང་། རྒྱལ་ཁོངས་ཕྱི་རོལ་དུ་ཕར་འགྲོ་མཁན་མི་ཐེངས་ས་ཡ་དྲུག་དང་སུམ་འབུམ་ཆིག་ཁྲི་ཆིག་སྟོང་ཟིན་ཞིང་། དུས་མཚུངས་ལས་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་བཞི་བརྒྱད་འཕར་ཡོད་པ་རེད། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གནམ་གྲུ་དང་། གྲུ་གཟིངས། མེ་འཁོར། རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་ཆས་སུམ་འབུམ་དྲུག་ཁྲི་སུམ་སྟོང་ཞིབ་བཤེར་བྱས་ཤིང་། དུས་མཚུངས་ལས་བརྒྱ་ཆ་གཅིག་དང་གྲངས་ཆུང་བཞི་བདུན་འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།