ཐོང་ཧྭ་གྲོང་ཁྱེར་ལྟེ་བའི་སྨན་ཁང་མྱུར་སྐྱོབ་ལྟེ་གནས་ཀྱིས་དུས་ཚོད་སྐར་ཆ་བརྩོན་ལེན་བྱས་ཏེ་ཚེ་སྲོག་སྐྱོབ་བཞིན་ལོ་གསར་གཏོང་བ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དཔྱིད་གསར་དུས་ཆེན་དེ་ཉིད་མི་མང་ཆེ་བའི་ངོས་ནས་བརྗོད་ན། ནང་མི་མཉམ་འཛོམས་བྱེད་པའི་དུས་ཡིན། འོན་ཀྱང་མྱུར་སྐྱོབ་ལྟེ་གནས་ཀྱི་སྨན་དོན་ལས་དོན་པའི་ངོས་ནས་བརྗོད་ན། དཔྱིད་གསར་དུས་ཆེན་སྐབས་དུས་རྒྱུན་ལས་བྲེལ་བ་ཆེ་བ་ཡོད་པ་མཚན་གྱི་ཡོད་ཅིང་། ཁོང་ཚོ་སྨན་བཅོས་ལ་སྐྱོད་པའི་ལམ་བུའི་ཐོག་ནད་པར་ལྟ་རྟོག་བྱེད་པའམ་ཡང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་པར་སྐྱོད་པའི་གྲ་སྒྲིག་བྱེད་བཞིན་ཡོད།

དགོང་མོའི་ཆུད་ཚོད་༡༠པ་ལྷག་ཙམ་ལ། མྱུར་སྐྱོབ་རླངས་འཁོར་ཞིག་ཐོང་ཧྭ་གྲོང་ཁྱེར་ལྟེ་བའི་སྨན་ཁང་མྱུར་སྐྱོབ་ལྟེ་གནས་ཀྱི་སྒོ་སར་ཡོང་བ་དང་། མཚན་མོའི་ལས་རེས་ཡིན་པའི་གཙོ་བཅོས་སྨན་པ་སོང་ཞའོ་ལིས་ལས་རོགས་ཚོ་དང་མཉམ་དུ་རྐང་པ་གཡོན་མ་ཆག་པའི་ནད་པ་ཞིག་ལ་སྨན་བཅོས་བྱེད་བཞིན་ཡོད། མྱུར་སྐྱོབ་ལྟེ་གནས་སུ་ལས་ཀར་སླེབས་རྗེས། སོང་ཞའོ་ལི་ལོ་བཅུའི་ནང་ནང་ལ་ལོ་གསར་གཏོང་མྱོང་མེད་པ་རེད། ཁོང་གིས། དཔྱིད་གསར་དུས་ཆེན་ནི་བྲེལ་བ་ཆེ་ཤོས་ཀྱི་སྐབས་ཞིག་ཡིན་ཞིང་། མང་ཤོས་སྐབས་སུ་ང་རང་མཚན་མོའི་ལས་རེས་བྱེད་ཐེངས་གཅིག་ལ་ནད་པ་100ལྷག་ལ་ལྟ་དགོས་ཀྱི་ཡོད་པས། ཆུ་འཐུང་བ་དང་གསང་སྤྱོད་ལ་འགྲོ་བའི་དུས་ཚོད་ཀྱང་མེད་ལ། སྤྱིའི་ཆ་ནས་ངལ་གསོ་རྒྱག་པའི་དུས་ཚོད་མེད་ཅེས་གསུངས་ཀྱི་ཡོད་པ་རེད།

ནད་པ་གཅིག་གི་རྗེས་སུ་གཅིག་སླེབས་པ་དང་། མཚན་གཅིག་ལ། མྱུར་སྐྱོབ་ལྟེ་གནས་ཀྱིས་ཁྱོན་ནད་པ་70ལྷག་ལ་སྨན་བཅོས་བྱས་པ་དང་། ཉེན་ཁ་ཆེ་བའི་ནད་པ་མེད་པ་རེད། གནས་ཚུལ་དེ་རིགས་སོང་ཞའོ་ལི་ངོས་ནས་བརྗོད་ན། ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡིན།

ཐོང་ཧྭ་གྲོང་ཁྱེར་ལྟེ་བའི་སྨན་ཁང་མྱུར་སྐྱོབ་ལྟེ་གནས་ཀྱི་སྨན་དོན་མི་སྣ་43གྱིས་ཉིན་མཚན་མེད་པར་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཡོད་པས། ནད་པ་ཚང་མ་སྐྱོབ་བཅོས་བྱེད་ཆེད་དུས་ཚོད་དམ་འཛིན་དང་དཀའ་ངལ་ཁྱད་བསད་གནང་ཡོད། མྱུར་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཧོང་ཁྲེན་གྱིས། དཔྱིད་གསར་དུས་ཆེན་རིང་སྒོ་བསྟེན་སྨན་བཅོས་ཚང་མ་སྒོ་རྒྱབ་པའི་གནས་ཚུལ་འོག མི་མང་ཤོས་སྐབས་སུ། ཉིན་མོའི་ལས་རེས་བྱེད་ཐེངས་གཅིག་ལ་ནད་པ་ཡོང་མཁན་300ལྷག་ཟིན་གྱི་ཡོད་ཅེས་གསུངས་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།