ངོ་མཚར་ཆེ་བའི་དམངས་སྲོལ་བྱེད་སྒོ་སྣ་ཚོགས་ཀྱི་ཐོག་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༢པའི་ཚེས་༩ཉིན་ནི་ལོ་གསར་ཚེ་༥ཡིན་ཞིང་། ཉིན་དེར་ཚང་མས་སྲོལ་རྒྱུན་གྱི་ཆུ་མོག་བཟའ་བ་དང་། སྤུན་མཆེན་ཐུག་པ་ཕུད། ས་གནས་ཁག་གི་མང་ཚོགས་ནས་དམངས་སྲོལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།

ལོ་གསར་ཚེས་༥ཉིན། སྲོལ་རྒྱུན་གྱི་གནའ་བོའི་གྲོང་ཚོ་ཡིན་པའི་ཨན་ཧུའེ་ཧྲེ་རྫོང་ཞུད་གྲོང་ཚོར། མི་41གིས་མཉམ་དུ་འཁྲབ་སྟོན་བྱས་པའི་རྐུབ་སྟེགས་ཞབས་བྲོ་འཁྲབ་བཞིན་ཡོད་པ་དང་། ཆེད་མངགས་ཧྲང་ཧའེ་ནས་དེ་གར་ལོ་གསར་གཏོང་བར་སླེབས་པའི་ཡུལ་སྐོར་བ་ཀྲང་ཞའོ་ཞང་གིས། ངས་བྱས་ན་དམར་མདངས་དཀྲ་བའི་རྐུབ་སྟེགས་ཞབས་བྲོ་དེ་ང་ཚོའི་འཚོ་བ་ལྟར་དགའ་སྤྲོ་དང་འཁྲུག་ཆ་དོད་པ་ཞིག་འདུག་ཅེས་གསུངས་ཀྱི་ཡོད་པ་རེད།

ལོ་གསར་ཚེ་༥ཉིན། ལོ་གཅིག་དུས་གཅིག་གི་ལན་ཀྲའུ་ཡི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཚོགས་མཆོད་དེ་ཉིད་ལན་ཀྲའུ་བ་ཚོས་ལོ་གསར་དགའ་གཏོང་བྱེད་པར་སྐྱོད་ས་ཞིག་ལ་འགྱུར་ཡོད། དམངས་ཁྲོད་ཀྱི་རོལ་རྩེད་འཁྲབ་སྟོན་དང་། དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་གབ་ཚིག་་ལ་ལན་རྒྱག་པའི་འགྲན་བསྡུར་སོགས་སྲོལ་རྒྱུན་གྱི་རིག་གནས་ཁྱད་ཆོས་ལྡན་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་རབ་དང་རིམ་པ་བྱས་ཡོད་པས། མང་ཚོགས་ཚོ་དེའི་ཁྲོད་ནས་དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་མྱོང་ཚོར་ཐུབ་པ་བྱས་ཡོད།

ལན་ཀྲའུ་གྲོང་ཁྱེར་ཟློས་གར་ཁང་གི་འགོ་འཛིན་ལི་ཝན་ཆིན་གྱིས། ད་ལོ་ང་ཚོའི་ལེ་ཚན་གྱི་དུས་ཚོད་ཆུ་ཚོད་བཞི་ཙམ་ཡོད། དེར་བརྟེན་ང་ཚོ་ཀྲུང་གོའི་ལོ་གསར་ལ་ང་ཚོ་ཀྲུང་གོའི་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་སྟོན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཀྱི་ཡོད་པ་རེད།

ལོ་གསར་ཚེས་༥ཉིན་འབྲུག་འཁྲབ་པ་ནི་ཧྲན་ཏུང་ཞིང་ཆེན་ཙེ་པོ་ཡི་གནའ་བོའི་གྲོང་ཚོ་ཀྲའུ་གྲོང་ཚོའི་དམིགས་གསལ་ཁྱད་ཆོས་ལྡན་པའའི་དམངས་སྲོལ་རིག་གནས་ཞིག་ཡིན། ལོ་གསར་ཚེ་ལྔའི་ཞོགས་པ་ནམ་མ་ལངས་གོང་དུ། འབྲུག་འའཁྲབ་མཁན་རུ་ཁག་གིས་གློག་བཞུ་སྤར་བའི་འབྲུག་རིང་པོ་ཞིག་ཁྱེར་ནས་གནའ་བོའི་ཁྲོམ་གཞུང་དུ་སྐྱོད་བཞིན་ཡོད་ཅིང་། འབྲུག་འཁྲབ་པའི་རུ་སྟར་རང་སོ་སོའི་ཁྱིམ་ཚང་མདུན་ནས་སྐྱོད་སྐབས། ནང་མི་ཡོངས་ཀྱིས་མཉམ་དུ་སྨོན་ལམ་འདེབས་པ་མ་ཟད་དགའ་བསུ་ཞུ་གི་ཡོད།

ཀྲེ་ཅང་ཁྲང་ཤིང་དུ། དེ་གར་ཡོད་པའི་ཏུང་ཡུད་ཧྥང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་དངོས་མིན་རིག་གནས་ཤུལ་བཞག་མང་པོ་དེ་གར་གཅིག་བསྡུས་བྱས་ནས་སྲོལ་རྒྱུན་དམངས་སྲོལ་ཁྲོད་ཀྱི་ཉའི་རིག་གནས་འགྲེམ་སྟོན་བྱས་ཡོད། ཁྲང་ཤིང་གྲོང་ཁྱེར་གྱི་གྲོང་མིས་ལོ་གསར་ལ་འཁྲུག་པོ་དགོས་ཀྱི་ཡོད་ཅེས་ཤོད་ཀྱི་ཡོད་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བས། ཧ་ཅང་ཡག་པོ་འདུག ང་རང་ཀྲུང་གོའི་ལོ་གསར་ལ་དགའ་པོ་ཡོད། ལོ་གསར་སྤྲོ་པོ་ཡོང་བ་ཤོག་ཞེས་ཤོད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།