རང་རྒྱལ་གྱིས་བྱ་ཐབས་ཉེར་གཅིག་བཟུང་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རིམ་སྤོར་ཐུབ་རྒྱུར་རོགས་འདེད་བྱ་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རང་རྒྱལ་གྱིས་ཉེ་དུས་སྲིད་ཇུས་བཏོན་ཏེ་ཞིབ་ཕྲའི་ལས་འགན་བྱ་ཐབས་ཉི་ཤུ་རྩ་གཅིག་ཐོག་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ཐུབ་རྒྱུར་རོགས་འདེད་བྱ་རྒྱུ་རེད། མིག་སྔར་གསར་དུ་བཙུགས་པའི་འགག་སྒོའི་དམིགས་གསལ་ལྟ་དོམ་ཁུལ་ལ་གཅིག་གྱུར་ཐོག་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཞེས་མིང་བཏགས་ཡོད། དེ་ནི་སྔོན་མའི་འགག་སྒོའི་དམིགས་གསལ་ལྟ་དོམ་ཁྱབ་ཁོངས་གང་མགྱོགས་ལེགས་སྒྲིག་བྱས་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བསྒྱུར་བ་ཞིག་རེད། གྲངས་གཞི་ལས་གསལ་བར། སྤྱི་ལོ་༢༠༡༨ལོའི་གོང་གི་ཟླ་བ་༡༡རིང་། རྒྱལ་ཡོངས་འགག་སྒོའི་དམིགས་གསལ་ལྟ་དོམ་ཁྱབ་ཁོངས་ཀྱིས་ནང་འདྲེན་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་བཞི་ཁྲི་བདུན་སྟོང་མངོན་འགྱུར་ཐུབ་པ་དེ་དུས་མཚུངས་ལས་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་གསུམ་བར་འཕར་ཞིང་། རྒྱལ་ཡོངས་ཀྱི་ཉིས་ཁྲི་ཆ་གཅིག་གི་ས་ཆའི་རྒྱ་ཁྱོན་བཟུང་ནས་དྲུག་ཆ་གཅིག་གི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་མངོན་འགྱུར་ཐུབ་པ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།