རང་རྒྱལ་གྱིས་སྤྱི་ལོ་༢༠༡༩ལོར་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་གཅིག་གྱུར་ཞིབ་རྩིས་རྒྱག་རྒྱུ་ལག་ལེན་བསྟར་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་ཅུད་ཀྲང་ཉིང་ཅེའི་ཀྲེ་ཡིས་རྒྱལ་ཡོངས་བསྡོམས་རྩིས་ལས་དོན་གྲོས་ཚོགས་ཐོག ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། རྒྱལ་ཁབ་ནས་སྤྱི་ལོ་༢༠༡༩ལོའི་ལོ་མཇུག་སྐབས་ཡོངས་བཤེར་ལོ་འཁོར་གྱི་ལས་དོན་སྤེལ་རྒྱུ་དང་། ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་གཅིག་གྱུར་ཐོག་ཞིབ་རྩིས་རྒྱག་རྒྱུ་དང་། སྤྱི་ལོ་༢༠༢༠ལོའི་ཟླ་བ་༡པོ་ནས་བཟུང་དུས་ཚིགས་གཞིར་བཟུང་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་གཅིག་གྱུར་ཞིབ་རྩིས་རྒྱག་པའི་ལས་དོན་ལག་ལེན་བསྟར་ཏེ། ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཕྱོགས་བསྡུས་བསྡོམས་འབོར་དང་རྒྱལ་ཡོངས་བསྡོམས་འབོར་གཉིས་གྲངས་ཚད་དང་མགྱོགས་ཚད། གྲུབ་གཞི་བཅས་ཀྱི་ཐད་གཞི་རྩའི་ཆ་ནས་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད། རིགས་གཅིག་མཁས་པས། ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་གཅིག་གྱུར་ཞིབ་རྩིས་རྒྱག་པའི་བསྒྱུར་བཅོས་ལས་དོན་ལག་ལེན་བསྟར་བ་དེས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཞིབ་རྩིས་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔལ་འབྱོར་འཁོར་རྒྱུགས་གནས་བབ་ལ་བརྡར་ཤ་གཅོད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་དབྱེ་ཞིབ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།