རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཁེ་ལས་ཐོ་ཁོངས་ནས་བསུབ་པ་སྟབས་བདེ་ཅན་དུ་སྐུད་འདེད་བྱེད་པའི་བསྒྱུར་བཅོས་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པས་ཁེ་ལས་ཐོ་ཁོངས་ནས་བསུབ་པ་སྟབས་བདེ་ཅན་དུ་སྐུལ་འདེད་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱེད་སྐབས། བསྒྱུར་བཅོས་ཀྱི་བྱེད་ཐབས་སྤྱད་ནས་རྒྱུན་ལྡན་གྱི་ཁེ་ལས་ཐོ་ཁོངས་ནས་བསུབ་པའི་དུས་ཚོད་དེ་ད་ལྟའི་ཟླ་ངོ་བཞི་དང་བསྡུར་ན་20%ནས་30%གྲོན་ཆུང་བྱ་རྒྱུ་ཡིན་པ་དང་། ཁེ་ལས་གང་དེ་སྟབས་བདེའི་ངང་ཐོ་ཁོངས་ལས་བསུབ་ཆོག་པའི་ཆ་རྐྱེན་དང་མཐུན་ཚེ། ཚོད་ལྟ་བྱེད་ས་ནས་ཐོ་ཁོངས་ལས་བསུབ་པའི་དུས་ཚོད་50%གྲོན་ཆུང་བྱ་ཐུབ་པ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།