༢༠༡༩ལོའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཐོག་མར་འཕངས་ཏེ་འགོ་ཚུགས་མ་ཐག་པའི་རྒྱལ་ཁ་ཐོབ་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུང་ནས་སྤེལ་བའི་གནས་ཚུལ། ༢༠༡༩ལོའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཐོག་མར་འཕངས་ཏེ་འགོ་ཚུགས་མ་ཐག་པའི་རྒྱལ་ཁ་ཐོབ་ཡོད། སྤྱི་ཚེས་༡༡ཉིན་གྱི་ཐོ་རེངས་ཆུ་ཚོད་༡དང་སྐར་མ་༡༡སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གསུམ་པ་རྟགས་ཅན་སྤྱད་དེ་དབོར་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་འཕེན་གཏོང་བྱས་ཡོད་པ་དང་། རྒྱལ་ཁའི་ངང་ཀྲུང་ཞིང་2Dཞེས་པའི་སྲུང་སྐར་མཁའ་ཐོག་ལ་འཕེན་གཏོང་ལེགས་འགྲུབ་བྱུང་སྟེ་ སྔོན་བཀོད་ཀྱི་འཁོར་ལམ་དུ་ཞུགས་ཐུབ་པ་བྱུང་ཡོད། ཀྲུང་ཞིང་2D ཞེས་པའི་སྲུང་སྐར་ནི་རང་རྒྱལ་གྱིས་གསར་དུ་ཞིབ་འཇུག་གསར་བཟོ་བྱས་པའི་འཕྲིན་གཏོང་རླུང་འཕྲིན་སྲུང་སྐར་ཞིག་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།