སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བའི་གཙོ་གནད་གློག་བརྙན་ཁག་རྒྱལ་ཡོངས་སུ་རིམ་བཞིན་བཏོན་པ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་གནད་གློག་བརྙན་ད་ལྟ་རྒྱལ་ཡོངས་སུ་རིམ་བཞིན་བསྟན་བཞིན་ཡོད་པ་དང་། གསར་རྩོམ་གསར་ཤོས་ཀྱི་རྒྱལ་ནང་ནས་ཐོན་པའི་ཕུལ་བྱུང་གློག་བརྙན་ཁག་དགུས་སྒྲུང་གཏམ་དང་པར་རིས་བརྒྱུད་ནས། ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་དུ་ཀྲུང་གོར་གནམ་ས་བླ་འོག་གི་འཕོ་འགྱུར་དང་དེ་བཞིན་ཀྲུང་གོ་བ་རྣམས་དངོས་པོ་ནས་བསམ་བློའི་བང་རིམ་གྱི་བདེ་ཚོར་དང་། ཐོབ་ཚོར་མངོན་པར་བྱས་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་གི་རྒྱལ་ནང་ནས་ཐོན་པའི་གློག་བརྙན་འགྲེམས་གཏོང་བྱེད་པའི་བྱེད་སྒོ་རྒྱལ་ཡོངས་གྲོང་ཁྱེར་ཁག་དང་། གྲོང་གསེབ་ཁག་ཏུ་རྒྱ་ཁྱབ་ངང་སྤེལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།