《ངེད་ཅག་མཉམ་དུ་འགྲོ་མྱོང____བསྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ལོ་ངོ་བཞི་བཅུ་འཁོར་བར་ཕུལ》ཞེས་པར་ལྟ་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལེའུ་བཅོ་བརྒྱད་ཅན་གྱི་དངོས་བཤུས་གློག་བརྙན་《ངེད་ཅག་མཉམ་དུ་འགྲོ་མྱོང____བསྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ལོ་ངོ་བཞི་བཅུ་འཁོར་བར་ཕུལ》ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་ལེའུ་དྲུག་བསྟན་ཟིན་པ་དང་། ལྟ་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

དངོས་བཤུས་གློག་བརྙན་འདིའི་ནང་དོན་ནི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་མཚོན་པའི་གཏམ་རྒྱུད་ཡིན་ལ། ལོ་ངོ་བཞི་བཅུའི་རིང་གི་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་བྱས་པའི་བརྗིད་ཆེ་བའི་ལག་ལེན་མཚོན་ཡོད། ལྟ་མཁན་ནན་ཧྥང་གིས། དངོས་བཤུས་གློག་བརྙན་ལ་བལྟས་རྗེས་མྱོང་ཚོང་ཟབ་མོ་སྐྱེས་བྱུང་། དངོས་གནས་འགྱུར་བ་ཆེན་པོ་བྱུང་འདུག མི་རྣམས་ཀྱི་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་མངོན་གསལ་གྱིས་མཐོ་རུ་ཕྱིན་འདུག་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།