ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་བཅུ་བའི་ཀྲུང་དབྱང་ཨུ་ཡོན་ ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༥ཉིན། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་བཅུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ནང་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། 《ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་བཅུ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་༢༠༡༨ལོའི་ལས་དོན་སྐོར་གྱི་སྙན་ཞུ》གསན་པ་དང་གྲོས་ཞིབ་བྱ་རྒྱུ།《ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་བཅུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་༢༠༡༨ལོའི་ལས་དོན་སྐོར་གྱི་སྙན་ཞུ》དང་《ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་གི་ལས་ཀའི་སྒྲིག་སྲོལ》ལ་གྲོས་ཞིབ་བྱེད་རྒྱུ་རེད།

ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཀྲུང་དབྱང་ཀྲུའུ་ཞི་སུའུ་ཧུའེ་ཡིས། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་བཅུ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད། སུའུ་ཧུའེ་ཡིས། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཆབ་སྲིད་འཛུགས་སྐྱོང་གི་ཟབ་སྤེལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། འགན་འཁྲིའི་སྒྲུབ་ནུས་དང་ཁྱད་ཆོས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།