ཀོང་ཞི་ཡིས་གཉེར་བའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འགྲེམ་ཚོགས་དེ་ཉིད་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུ་གལ་ཆེན་ལ་གྱུར་བ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་ལ་ཕྱོགས་པའི་སྐར་ཁུང་ལྟ་བུ་ཡིན་པའི་ཀོང་ཞི་ཡིས་སྔ་རྗེས་སུ་ལེགས་གྲུབ་ལྡན་པའི་ངང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅོ་ལྔ་གཉེར་ཡོད། ལོ་ངོ་བཅོ་ལྔའི་རིང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འགྲེམ་ཚོགས་དེ་ཉིད་སྔར་བས་ཇེ་ཡངས་དང་ཇེ་རིང་དུ་གཉེར་བས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ཚུད་པའི་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ཀྱི་སྤེལ་རེས་མཉམ་ལས་ཀྱི་འབྲེལ་ཐག་གལ་ཆེན་ལ་རྒྱ་སྐྱེད་གཏིང་ཟབ་བཏང་ཡོད།

སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འགྲེམ་ཚོགས་སྤྱི་ཟླ་༩པའི་ཚེས་༡༥ཉིན་ནན་ཉིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་མཇུག་འགྲིལ་ཡོད། རྒྱལ་ཁབ་དང་ས་ཁུལ་༧༠ནས་ཡོང་བའི་ཚོང་པར་གྲུབ་འབྲས་བཟང་པོ་ཐོབ་པ་དང་། ནན་ཉིང་རྒྱལ་སྤྱིའི་གྲོས་ཚོགས་འགྲེམ་སྟོན་ཚད་ཡོད་འགན་ཁྲི་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ལེའོ་ཅུན་ཀྲའུ་ཡིས། ཚང་མས་ནན་ཉིང་འདེམས་དོན་ནི་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་འགྲེམ་ཚོགས་ལ་རུབ་འདུས་དང་ཁྱབ་འགྱེད་ནུས་པ་ལྡན་པས་ཡིན། ཚོང་པ་རྣམས་འདི་གར་འཛོམས་པ་དང་། སྲིད་དོན་མི་སྣས་འདི་གར་གླེང་མོལ་བྱེད་པ། སྤེལ་རེས་ཉོ་ཚོང་སྟེགས་བུ་འདིའི་ཐོག་བྱེད་ཀྱི་ཡོད་པས་ཆ་འཕྲིན་སྣ་ཚོགས་དང་གོ་སྐབས་མང་པོ་ཐོབ་ཀྱི་ཡོད། ཐོན་ཁུངས་ནི་གོ་སྐབས་དང་མཉམ་དུ་གནས་ཡོད་པའི་དབང་གིས་ཐོན་ཁུངས་དེ་བས་མང་བས་འདི་གར་འགྲེམ་ཚོགས་གཉེར་བ་དང་གོ་སྐབས་འཚོལ་བར་ཡིད་འགུག་བྱས་ཡོད་ཅེས་གསུངས་པ་རེད།

ཀོང་ཞི་ཡི་མཐའ་མཚམས་གྲོང་ཁྱེར་ཁྲོང་ཙོའུ་རུ་ཀྲུང་གོ་དང་ཐེ་ལན་གྱི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་བརྒྱ་ལྷག་ཙམ་སྔ་རྗེས་སུ་དེ་གར་སླེབས་ཡོད་པ་དང་། གླིང་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་པོའོ་ཡིས། དེ་ནི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་ཚོགས་ཀྱི་འབྲེལ་ཐག་གི་ནུས་པ་ཐོན་པའི་གྲུབ་འབྲས་ཡིན་ཞེས་ངོ་སྤྲོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།