གངས་འབྲུག་གྲུ་གཟིངས་དེ་ཀྲུང་ཧྲན་ས་ཚིགས་ཀྱི་ཕྱི་རོལ་དུ་འབྱོར་བ་དང་སྐམ་མཚོ་མཁའ་གསུམ་ནས་དངོས་ཟོག་འབེབ་པ།
སྤེལ་བའི་དུས་ཚོད། : 2018-12-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་༣༥པ་ཀྲུང་ཧྲན་ས་ཚིགས་ཀྱི་ཕྱི་རོལ་དུ་འབྱོར་ཡོད་པ་དང་། འཁྱགས་པ་ཐེབས་པའི་གནས་ཚུལ་ཚབས་ལྗིད་པོ་ཡོད་པའི་རྐྱེན་གྱིས། རྟོག་ཞིབ་རུ་ཁག་གིས་ཀྲུང་ཧྲན་ས་ཚིགས་དང་བར་ཐག་སྤྱི་ལེ་༤༠ཡོད་པའི་སར། ཐད་འཕུར་གནམ་གྲུ་དང་གངས་འཁོར་བརྒྱུད་ནས་སྐམ་མཚོ་མཁའ་གསུམ་མཐུན་སྦྱོར་བྱས་ཏེ་དངོས་ཟོག་འབེབ་པའི་ལས་ཀ་སྤེལ་བཞིན་ཡོད་ཅིང་། འཆར་གཞི་ལས་སྐྱེལ་འདྲེན་དངོས་ཟོག་ཏུན་༡༦༠༠བརྒལ་ཡོད།

ད་ཐེངས་དངོས་ཟོག་འབེབ་པའི་བར་ཐག་དང་གྲངས་འབོར་དེ་སྐབས་རིམ་བྱུང་གི་རྟོག་ཞིབ་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་གཏོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།