འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཨ་ཙེ་ཝེ་ཏོ་ཡིས་འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་ཕན་ཐོབ་དུ་འཇུག་པ་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཡང་ཁེ་སྤོགས་ཐོབ་དུ་འཇུག་སྲིད་པའི་རྒྱས་འཛོམས་ཤིག་རེད་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་དམིགས་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཨ་ཙེ་ཝེ་ཏོ་ཡིས་འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་ཕན་ཐོབ་དུ་འཇུག་པ་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཡང་ཁེ་སྤོགས་ཐོབ་དུ་འཇུག་སྲིད་པའི་རྒྱས་འཛོམས་ཤིག་རེད་ཅེས་གསུངས་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ།འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ལོ་པུ་ཐོ་ཨ་ཙེ་ཝེ་ཏོ་ཡིས་ཉིན་ཤས་གོང་གསར་འགོད་པའི་ཆེད་འདྲི་དང་ལེན་བྱས་སྐབས།ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཙོ་དོན་གསུང་བཤད་དང་སྐབས་འདིའི་འགྲེམས་ཚོགས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁོང་གིས། ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཀྲུང་གོ་ཡིས་གོ་ལ་ཅན་ལ་རྒྱབ་སྐྱོར་དང་། སྒོ་འབྱེད་དཔལ་འབྱོར་ལ་རྒྱབ་སྐྱོར། ཉོ་ཚོང་རོགས་ཟླ་ལ་སྒོ་མོ་ཕྱེ་ཡོད་པ་ནན་སྟོན་གནང་བ་དང་། འདི་དག་ཚང་མར་དགའ་བསུ་ཆེན་མོ་ཐོབ་ཡོད། འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་ཕན་ཐོབ་དུ་འཇུག་པ་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཡང་ཁེ་སྤོགས་ཐོབ་དུ་འཇུག་སྲིད་པའི་རྒྱས་འཛོམས་ཤིག་ཡིན་ཞེས་གསུངས་ཡོད་པ་རེད།

ཨ་ཙེ་ཝེ་ཏོ་ཡིས། དུས་ཡུན་རིང་པོའི་ནང་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང། དར་རྒྱས་ཞན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་གི་བར་འབྲེལ་བ་ལེགས་པོ་བཙུགས་ཡོད། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་འདི་དག་ལ་རོགས་བྱས་ཏེ་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་མཉམ་འདྲེས་གཏིང་ཟབ་བྱེད་དུ་འཇུག་བཞིན་ཡོད། ཀྲུང་གོའི་ཁྲོམ་ར་གོ་ལ་ཧྲིལ་བོར་ཁ་གཏད་དེ། ཀྲུང་གོས་ནང་འདྲེན་རྒྱ་སྐྱེད་བཏང་བ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་ཕན་སྔར་བས་ཐོབ་ངེས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཀྱང་སྲོལ་རྒྱུན་གྱི་བཟང་ཆར་བརྟེན་ཏེ་དེའི་ཁྲོད་ནས་ཁེ་སྤོགས་རགས་ངེས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་འཚོ།