ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་དོ་ཁུར་བྱས། པི་ཨར་ཀའེ་ཚི། མ་ཡུན། ལིན་དབྱི་ཧྥུ་སོགས་ཀྱིས་མཉམ་དུ་ཀྲུང་གོའི་ཚོང་རར་བགྲོ་གླེང་བྱས་ཏེ་འགོ་བརྗོད་ལ་སྒོ་དབྱེའི་ཀྲུང་གོར་ཚད་མེད་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་ཞེས་ཟེར།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དཔལ་འབྱོར་ཉིན་རེའི་ཚགས་པར་ནས་སྤེལ་བའི་གནས་ཚུལ།སྤྱི་ཟླ་༡༡་པའི་ཚེས་༥ཉིན་གྱི་ཕྱི་དྲོར། ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ཀྱི་ཉོ་ཚོང་དང་གསར་གཏོད་མཉམ་འགྲོ་གླེང་སྟེགས་དེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་ཧྲང་ཧའེ་ནས་ གཉེར་ཞིང་།

སྲིད་གཞུང་གི་དཔོན་རིགས་དང་ཁེ་ལས་མཁས་ཅན། རིགས་གཅིག་མཁས་ཅན་མང་པོ་མཉམ་དུ་འཛོམས་ནས། “ ཉོ་ཚོང་དང་གསར་གཏོད” ཅེས་པའི་གླེང་བྱ་དམིགས་ཏེ་གྲོས་བསྡུར་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་གྲོས་བསྡུར་ཐོག་མཚར་གཏམ་ཟམ་མ་ཆད་པ་དང་། ཡུལ་དངོས་སུ་ཐལ་མོ་རྒྱུན་ཆད་མེད་པ་བྱུང་། “ ཉོ་ཚོང་ ” དང་ “ གསར་གཏོད་ ” ལས་གཞན། “ཀྲུང་གོ”ཡང་ས་གནས་ས་ཐོག་ཏུ་སྤྱོད་མང་བའི་ཐ་སྙད་གཅིག་འགྱུར་ཡོད། ཚང་མས་ཉོ་ཚོང་དང་གསར་གཏོད་དོན་གཉེར་གྱི་བརྩོན་སེམས་དང་དེ་བཞིན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པར་མངོན།

ཀྲུང་གོ་ནི་ཉོ་ཚོང་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན། ཨ་ལི་པ་པ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་མ་ཡུན་ཀྱིས། ནང་འདྲེན་དངོས་མང་འགྲེམ་ཚོགས་འཚོགས་པ་དེས་ཀྲུང་གོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། དེའི་ཐོག་ནས་ཀྲུང་གོའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་དང་། འཛམ་གླིང་ཡང་དེར་བརྟེན་ནས་ཕན་ཁེ་ཐོབ་པའི་ངོས་འཛིན་གནང་ཡོད་བ་དང་། མ་ཡུན་གྱིས་ད་དུང་ཀྲུང་གོའི་ཁྲོམ་རར་གོ་སྐབས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་གྲུབ་འབྲས་འཐོབ་འདོད་ན་ལས་སླ་མོ་ཞིག་མིན། དུས་ཡུན་མང་ཙམ་སྤྱོད་པ་དང་གསར་གཏོད་རྒྱུན་ཆད་མེད་པ་བྱེད་དགོས་པ། ཁེ་ལས་མཁས་ཅན་གྱིས་བྱ་སྤྱོད་སྤེལ་དགོས། འོན་ཀྱང་ངས་བསམ་ན་ཚང་མས་ཀྲུང་གོར་ཕྱིར་གཏོང་བྱེད་དགོས་དེ། འདི་འདྲའི་ཁེ་ལས་ལ་འབྱུང་འགྱུར་འཕེལ་རྒྱས་ཡག་པོ་ཡོང་སྲིད་ཅེས་གསུངས་ནས་གོ་ལ་ཧྲིལ་པོའི་ཁེ་ལས་གདན་ཞུ་བྱས་ཡོད་པ་རེད།

ཀྲུང་གོའི་ཁྲོམ་རའི་སྒོ་མོ་ཕྱེ་བ་ལ་ཡིད་དབང་འཕྲོག་ཤུགས་གང་འདྲའི་ཆེན་པོ་ཡོད་ཟེར་ན། ཐེ་ལ་ནུས་ཁུངས་ཀྱི་ཀྲུའུ་ཞི་པི་ཨར་ཀའེ་ཚི་ཡིས། རང་ཉིད་ཀྲུང་གོར་ཡོང་ཐེངས་རེར་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས་འདུག ལོ་༢༥གོང་ཀྲུང་གོར་ཐེངས་དང་པོ་ཡོང་བ་ཡིན། ཀྲུང་གོའི་ལོ་ཉི་ཤུ་རྩ་ལྔའི་རིང་གི་འཕེལ་རྒྱས་བྱས་ནས་ཀྲུང་གོའི་ཁྲོམ་ར་སྒོ་འབྱེད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་ཆེན་པོ་གཏོད་པ་མཚོན་ཡོད། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་བརྒྱུད་ནས་འཛམ་གླིང་ལ་འགྱུར་ལྡོག་བཏང་བ་དང་། ཀྲུང་གོའི་ཆེས་དབུལ་ཕོངས་ཉུང་འཕྲི་བྱེད་ཚད་ཀྱང་མང་དུ་ཕྱིན་པ་། རྒྱལ་ཁབ་ཀྱི་ཤུགས་རྐྱེན་ནུས་པ་དང་གསར་གཏོད་ནུས་པ་ཉིན་རེ་བཞིན་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།

དེ་བཞིན་དུ་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་ལ་ཡིད་ཆེས་བརྟན་པོ་བཅང་མཁན་ནི་ད་དུང་པེ་ཅིང་སློབ་ཆེན་གྱི་སྒྲིག་གཞི་གསར་བའི་དཔལ་འབྱོར་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་ལིན་དབྱི་ཧྥུ་ཡོད་དེ། ཁོང་གིས། ངས་བསམ་ན་སྤྱི་ཚོགས་གོང་འཕེལ་གྱི་གོ་རིམ་ཁྲོད་ཤིན་ཏུ་གལ་ཆེ་བ་གཉིས་ཡོད་ཅིང་། གཅིག་ནི་ཁྲོམ་ར་ཡིན་ཏེ། ཁྲོམ་རས་འགྲན་རྩོད་ལ་སྐུལ་འདེད་བཏང་སྟེ་མ་ཡུན་ལྟ་བུའི་ཁེ་ལས་པ་འདི་དག་ལ་གོ་སྐབས་སྐྲུན་ཞིང་ཁོ་ཚོའི་འཇོན་ནུས་ཕྱིར་འདོན་ཐུབ་པར་མ་ཟད། རྒྱལ་ཁབ་ལ་སྔར་ལས་ལྷག་པའི་སྒྲིག་ལམ་ཡོད་པར་འགྱུར་བ་དང་། བཟང་ཆ་ཡོད་པའི་ཁྱབ་ཁོངས་སུ་གོང་འཕེལ་བཏང་སྟེ་འཛམ་གླིང་གི་འགྲན་རྩད་ནུས་པ་མཐོར་འདེགས་གཏོང་ཐུབ་པ་ཡིན། ཅིག་ཤོས་ནི་སྲིད་གཞུང་ནུས་པ་ཅན་ཞིག་ཡོད་པ་ཤིན་ཏུ་གལ་ཆེ། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་གཏོང་བ་དང་། མི་ཤུགས་ཐོན་ཁུངས་གོང་འཕེལ་གཏོང་བ་འདི་དག་ཐམས་ཅད་སྲིད་གཞུང་གིས་བསྒྲུབ་དགོས། ཀྲུང་གོར་ལས་ཆོད་ཆེ་བའི་ཁྲོམ་ར་དང་ནུས་པ་ཅན་གྱི་སྲིད་གཞུང་ཡོད་པ་འདི་ནི་སྡེབ་སྒྲིག་ཤིན་ཏུ་ལེགས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།