རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་རྒྱལ་ཡོངས་སུ་དཔང་ཡིག་དང་ལག་ཁྱེར་ཁ་ཁག་བཟོ་བའི་བསྒྱུར་བཅོས་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་རྒྱལ་ཡོངས་སུ་དཔང་ཡིག་དང་ལག་ཁྱེར་ཁ་ཁག་བཟོ་བའི་བསྒྱུར་བཅོས་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་ཡོད་པ་རེད།

བརྡ་ཐོའི་ནང་། སྤྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༡༠ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁག་དང་པོའི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་༡༠༦ལ་ཁག་སོ་སོར། ཐད་ཀར་ཞིབ་མཆན་མེད་པ་བཟོ་བ་དང་། ཞིབ་མཆན་གྲབས་ཐོར་བསྒྱུར་བ། གོ་བརྡའི་ཁས་ལེན་ལག་བསྟར་བྱེད་པ། ཞུགས་མཆན་ཞབས་ཞུ་ལེགས་སྒྱུར་སོགས་ཐབས་ཤེས་བཞི་བརྒྱུད། དཔང་ཡིག་དང་ལག་ཁྱེར་ཁ་ཁག་བཟོ་བའི་བསྒྱུར་བཅོས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།