རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བཞུགས་མོལ་ཚོགས་འདུ་སྤྱི་ཚེས་༩ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཧོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡོང་གིས་གྲོས་ཚོགས་གཙོ་སྐྱོང་གནང་འདུག

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་༡༨པ་སྐོང་འཚོགས་བྱས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་སྐུ་ངོ་མས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་ཇུས་བཀོད་དང་བཀོད་སྒྲིག སྐུལ་འདེད་བཅས་གཏོང་གནང་བས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པའི་ངོས་འཛིན་བྱས་འདུག

གྲོས་ཚོགས་ཐོག་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་སྟངས་སྤེལ་རེས་བྱས་པ་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་དང་ཀྲུང་དབྱང་ཁེ་ལས་དང་ས་གནས་ཀྱི་གཞུང་ཁོངས་ཁེ་ལས་ཁག་གཅིག་གི་འཐུས་མི། དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་པ་དང་རིག་གནས་པས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་ལས་ཁུངས་༣༠ཙམ་གྱིས་ཡིག་ཐོག་སྤེལ་རེས་དཔྱད་ཡིག་མཁོ་འདོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།