རྒྱལ་ཡོངས་སུ་ཞིབ་འཇུག་དང་ཚོད་ལྟའི་གོང་འཕེལ་གྱི་འགྲོ་གྲོན་གཏོང་ཚད་སླར་ཡང་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་གཏོད་པ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་སྡོམ་རྩིས་ཅུས་དང་ཚན་རིག་ལག་རྩལ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་སྤྱི་ཚེས་9ཉིན་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་མངོན་པར། ན་ནིང་རྒྱལ་ཡོངས་སུ་ཞིབ་འཇུག་དང་ཚོད་ལྟའི་གོང་འཕེལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར་ཆིག་ཁྲི་བདུན་སྟོང་དྲུག་བརྒྱད་བཅུ་མེད་དྲུག་དང་བྱེ་བ་གཅིག་བཏང་ཡོད་པས། འགྲོ་གྲོན་གཏོང་ཚད་དེས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཁྲོད་བཟུང་བའི་བསྡུར་ཚད་བརྒྱ་ཆ་2.13ཟིན་ཅིང་། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།