ཞིང་ལས་དང་གྲོང་གསེབ་པུས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཅོས་ཀྱི་སྤྱིའི་དམིགས་འབེན་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་9ཉིན་ཞིང་ལས་དང་གྲོང་གསེབ་པུས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཅོས་ཀྱི་སྤྱིའི་དམིགས་འབེན་ཡོངས་བསྒྲགས་བྱས་ཡོད་པ་སྟེ། སྤྱི་ལོ་2020ལོར་སླེབས་སྐབས་ཤར་རྒྱུད་ས་ཁུལ་དང་དབུས་ནུབ་རྒྱུད་གྲོང་ཁྱེར་གྱི་ཉེ་འདབས་ཁུལ་དུ་གྲོང་གསེབ་ཀྱི་ཁྱིམ་དུད་ཀྱི་གསང་སྤྱོད་གནོད་མེད་ཅན་སྒྱུར་བཅོས་བྱ་རྒྱུ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། དབུས་ནུབ་རྒྱུུད་ཀྱི་རྨང་གཞི་ཅུང་ལེགས་པ་དང་། གཞི་རྩའི་ཆ་ནས་ཆ་རྐྱེན་ལྡན་པའི་ས་ཁུལ་དུ། གསང་སྤྱོད་ཁྱབ་བརྡལ་བྱེད་ཚད་བརྒྱ་ཆ་85ཟིན་པ། ཐག་རིང་ས་ཁུལ་དུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་བརྡལ་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།