མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཞེས་པར་གཞིགས་ནས་ཆེད་དོན་སློབ་སྦྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་སྤྱི་ཚེས་༨ཉིན་གྱི་ཕྱི་དྲོ་ནས་སྤྱི་ཚེས་༩ཉིན་གྱི་སྔ་དྲོ་བར་གྲོས་ཚོགས་སྐོང་ཚོགས་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་ནས་ལོ་ངོ་40རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཞེས་པར་གཞིགས་ནས་ཆེད་དོན་སློབ་སྦྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་ཀྱང་གནང་ཡོད།

གྲོས་ཚོགས་ཐོག སྒྱུར་བཅོས་སྒོ་དབྱེའི་ཁྲོད། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཞིང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱབ་སྐྱོར་བ་བཅས་གཅིག་སྒྱུར་བྱས་ཐོག ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱབ་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་སྔར་བས་གཏན་འཁེལ་བྱས་ཡོད་ལ། མི་དམངས་རང་ཁྱིམ་རང་བདག་ལ་དེ་བས་ཡག་པའི་འགན་ལེན་ཐུབ་ཡོད་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱབ་ནས། སྒྱུར་བཅོས་ཁག་ཁྲིམས་ལ་བརྟེན་རྒྱུ་ཡོད་པའི་འགན་ལེན་བྱས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཟམ་མི་ཆད་པ་འཐུས་ཚང་དང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་ཤུགས་ཆེའི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པ་བྱས་ཡོད་ཅེས་བསྟན་ཡོད་པ་དང་།

གྲོས་ཚོགས་ཐོག རང་རྒྱལ་དེ་ཉིད་ལོ་ངོ་40ནང་ཚུན་གོང་འཕེལ་མྱུར་པོ་བྱུང་བ་ནི་སྒྱུར་བཅོས་སྒོ་དབྱེར་བརྟེན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་རྒྱུར་ཡང་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་བརྟེན་དགོས་ཀྱི་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་ནི། དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གལ་ཆེའི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པ་དང་དགོངས་པ་གསར་པ། འགན་ཟླ་གསར་པ། དམིགས་འབེན་གསར་པ་བཅས་ལས་བཏོན་པའི་བླང་བྱ་གསར་པར་ཤེས་རྟོག་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། འགྲོ་ལམ་གདེང་ཚོད་དང་རིག་གཞུང་གདེང་ཚོད། ལམ་ལུགས་གདེང་ཚོད། རིག་གནས་གདེང་ཚོད་བཅས་སྔར་བས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དུས་བསྟུན་མདུན་སྐྱོད་དང་། འཐུས་ཚང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།