རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྒྲིག་ཆས་ལྟེ་གནས་ནས་ལུས་རྩལ་བོད་སྐྱོར་ལས་དོན་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྒྲིག་ཆས་ལྟེ་གནས་ལྷ་སར་རྟོག་ཞིབ་དང་། སྤེལ་རེས་བྱེད་པར་བསྐྱོད་པ་མ་ཟད་ལུས་རྩལ་ཐོན་ལས་ཀྱིས་གཙོ་བོ་བྱས་ནས་ལུས་རྩལ་བོད་སྐྱོར་ལས་དོན་རྒྱུན་མཐུད་དུ་སྤེལ་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལུས་རྩས་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཡོང་ཁྲེང་གིས་ངོ་སྤྲོད་གནང་བར། རྒྱལ་ཁྱབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་བོད་ཀྱི་ལུས་རྩལ་བྱ་གཞག་མགྱོགས་མྱུར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལས་དོན་འགན་འཁྲི་ལས་བགོས་ལ་གཞིགས་ནས། སྒྲིག་ཆས་ལྟེ་གནས་ཀྱིས་མཛུབ་ཁྲིད་བྱས་པའི་འོག་བོད་ལྗོངས་ཀྱིས་སྤྱི་ལོ་༢༠༡༨ལོའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞིའི་སྙན་ཞུ་འབུལ་བའི་ལས་ཀ་བྱས་པ་དང་། ལྷན་ས་གྲོང་ཁྱེར་སླེའུ་གསར་སྤེལ་ཁུལ་གྱིས་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞི་འཛུགས་རྒྱུའི་སྙན་ཞུའི་ཡིག་ཆ་ཕུལ་ཟིན་ཞིང་། མིག་སྔར་དཔྱད་ཞིབ་དུས་འཚམ་ལ་སླེབས་ཡོད་པ་རེད། དེ་དང་ཆབས་ཅིག་སྒྲིག་ཆས་ལྟེ་གནས་ཀྱིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དཔལ་འབྱོར་སི་དང་ལྷན་དུ་རིགས་གཅིག་མཁས་པ་སྒྲིག་འཛུགས་ཀྱིས་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་ནས། ས་གནས་དེ་གའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུའི་ཐད་ལྟ་སྐུལ་སློབ་སྟོན་ཞིབ་འཇུག་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ལོ་༡༩༩༨ལོ་ནས་བཟུང་བོད་སྐྱོར་ལས་འགན་འཁུར་ཡོད་པ་རེད། སྤྱི་ལོ་༢༠༡༧ལོའི་ཟླ་༡༢པར། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་འཚོགས་བྱས་ནས། སྡོང་སོན་འཆར་གཞི་ཞེས་པ་སོགས་རྣམ་གྲངས་༢༥༠ ལྷག་ཙམ་གྱི་བོད་སྐྱོར་ལས་ཀའི་བྱ་ཐབས་གཏན་འཁེལ་བྱས་པ་མ་ཟད། རེ་རེ་བཞིན་སྤྱི་ཁྱབ་ཅུས་ཀྱི་སྡེ་ཁག་ཁག་དང་གཤམ་གཏོགས་སྡེ་ཚན་ལ་བགོ་བཤའ་རྒྱབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།