སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླིང་སྟེགས་ལ་ཞུགས་གནང་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་གནང་བ།
སྤེལ་བའི་དུས་ཚོད། : 2018-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན། སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླིང་སྟེགས་ལ་ཞུགས་གནང་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན་ཏེང་ཤོའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱོ་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཡང་ཅེ་ཁྲི། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་ཡི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧེ་ལིས་ཧྥུང་སོགས་ཀྱི་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཧྥུ་ལ་ཏི་ཨའོ་སི་ཐོ་ཁེ་ནས་ཞལ་གྱེད་མ་གནང་གོང་། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་མཉམ་ལས་ཀྱི་པར་རིས་འགྲེམས་སྟོན་ལ་གཟིགས་པ་དང་། རྒྱལ་ནང་དུ་ཕྱིར་ཕེབས་གནང་སྐབས ་ཨུ་རུ་སུའི་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུ་ཐང་ནས་ཕེབས་སྐྱེལ་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་པ་ཚེ་རིང་།