ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་པེ་ཅིན་གྲོང་ཁྱེར་ལ་རྟག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་པེ་ཅིན་གྲོང་ཁྱེར་ཏུ་རྟག་ཞིབ་གནང་ཡོད་པ་དང་ཧེའི་ཏན་དང་མོན་ཐའུ་ཀའུ། ཁྲའོ་ཡང་། ཏུང་ཁྲེང་ཆུས་བཅས་ཀྱི་སྲང་ལམ་དང་རིག་གནས་ལས་ཁུངས་སུ་ཕེབས་ནས་སྨྱན་སྦྱོར་མཉམ་བསྲེས་གོང་འཕེལ་དང་སྤྱི་པའི་རིག་གནས་ཞབས་ཞུ། རིག་གནས་ཐོན་ལས་གོང་འཕེལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་གནང་བ་དང་བསམ་འཆར་དང་་གྲོས་འགོ་ནན་ཏན་གསན་ཡོད་པ་རེད།

ཧོང་ཁུན་མིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་དྲང་སྲུང་གསར་སྐྲུན་གལ་ཆེའི་རྩ་དོན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་སྒུག་གསར་པ་སྐོང་རྒྱུར་དམིགས་པ། རིག་གནས་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི་རིག་གནས་མཁོ་སྤྲོད་ཀྱིས་མི་རྣམས་ཀྱི་རིག་གནས་ཐོབ་འཚོར་དང་བདེ་སྐྱིད་ཚོར་སྣང་ཆེ་རུ་གཏོང་དགོས། པེ་ཅིན་འདི་ཉིད་རྒྱལ་ཡོངས་ཀྱི་རིག་གནས་ལྟེ་བ་ཡིན་པའི་ངོས་ནས་རིག་གནས་སྤུས་ཚད་མཐོ་པོས་གོང་འཕེལ་གཏོང་རྒྱུ་མདུན་གྲལ་དུ་སྐྱོད་རྒྱུུར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་རྒྱུའི་ཐད་མིག་དཔེ་འདོན་དགོས་ཞེས་ནན་སྟོན་གནང་ཡོད་པ་དང་ཧོང་ཁུན་མིང་གིས། ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་ས་གནས་ཁག་གིས་ང་ཚོའི་དུས་ཆེན་ཞེས་པའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་མཉམ་འཛོམས་ཞི་ལྷོད་དང་དགའ་སྤྲོའི་དཔལ་གྱིས་ཁེངས་པའི་དུས་ཆེན་གྱི་རྣམ་པ་ཞིག་སྐྲུན་དགོས་ཞེས་ནན་སྟོན་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།