རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་8སྡེ་ཚན་དང་ལས་ཁུངས་30ལ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་སྤྱིའི་བཀོད་སྒྲིག་ལྟར། ཞིང་ཆེན(ལྗོངས་དང་གྲོང་ཁྱེར)དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་31ལ་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག ཟླ9ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་8བཏང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དང་ལས་ཁུངས་30ལ་སོ་སོར་བསྐྱོད་དེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱུང་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།

ད་ཐེངས་ཀྱི་ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་འདི་“སྡེ་ཚན་གཅིག་ལ་སྲིད་ཇུས་གཅིག”གི་བྱེད་སྟངས་ལྟར། སྲིད་ཇུས་དོན་འཁྱོལ་ལ་ཤུགས་རྐྱེན་ཐེབས་པའི“ཐོག་མའི་སྤྱི་ལེ་གཅིག”ལ་དམིགས་ནས། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་《སྲིད་གཞུང་གི་ལས་དོན་སྙན་ཞུ་》ཡི་དམིགས་ཚད་ལས་འགན་སྒྲུབ་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་གོ་བསྡུར་བྱེད་པ་དང་། དུས་མཚུངས་སུ་མང་ཚོགས་དང་ཚོང་རའི་གཙོ་ཤུགས་ཀྱིས་ཐེར་འདོན་བྱེད་ཤུགས་ཆེ་བའི་དཀའ་གནད་དང་འགག་གནད། ཡར་རྒྱས་འགྲོ་བར་གནོད་པའི་གནད་དོན་དང་། ལྷག་པར་དུ་དུས་རིམ་སྔོན་མའི་ས་གནས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་དཔེ་མཚོན་གནད་དོན་ཁག་དང་དེ་མིན་འབྲེལ་ཡོད་ཕྱོགས་སོ་སོས་བཏོན་པའི་བསམ་འཆར་དང་གྲོས་འགོར་དམིགས་པ་དང་། “དབང་ཆ་གཤམ་སྤྲོད་དང་དོ་དམ་དྲང་བཞག ཞབས་ཞུ་ལེགས་སྒྱུར”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བར་དམིགས་ནས། འབྲེལ་ཡོད་སྡེ་ཚན་གྱིས་གཅིག་ཤེས་ཀུན་གྲོལ་དང་། འཕྲལ་མར་ལག་བསྟར་དང་བཅོས་སྒྱུར་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་མགྱོགས་པོར་འཐུས་ཚང་བཟོ་བ་དང་། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་ཧུར་ཐག་གིས་ལན་སློག་པར་སྐུལ་འདེད་བཏང་བ་རེད།

ལས་ཀའི་བཀོད་སྒྲིག་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་རེས་སྡེ་ཚན་ནམ་ལས་ཁུངས་3རེར་ཡུལ་དངོས་ལྟ་ཞིབ་དུས་ཡུན་ཉིན་10ནས་12བར་བྱ་རྒྱུ་རེད། ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གི་འགན་འཛིན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ལྟ་སྐུལ་ཞིབ་བཤེར་ཁང་གི་ཀྲུའུ་རེན་གྱིས་འགན་འཁུར་ཡོད་པ་དང་། ཁོངས་མི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་དང་འབྲེལ་ཡོད་སྡེ་ཚན་དང་ས་གནས་ནས་སྐོང་འཐེན་བྱས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འགའ་ཡང་ལྟ་ཞིབ་ནང་ཞུགས་པར་གདན་དྲངས་ཡོད། ཡུལ་དངོས་སུ་ལྟ་ཞིབ་བྱེད་རིང་། ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་གནད་དོན་གྱིས་ཕྱོགས་སྟོན་དང་མཇུག་འབྲས་ཀྱིས་ཕྱོགས་སྟོན་བྱེད་པ་མཐའ་འཁྱོངས་བྱ་རྒྱུ་དང་། ཁྱབ་ཆུང་བའི་གྲོས་མོལ་དང་། མི་གཅིག་རེར་བཅར་འདྲི། ཡིག་ཆ་ཀློག་བཤེར། མངོན་བཤེར་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་སྤྱད་ནས། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱི་སྲིད་ཇུས་གཏན་འཁེལ་གནས་ཚུལ་དང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་དང་། ཁེ་ལས་དང་མང་ཚོགས་དང་། རིགས་གཅིག་མཁས་ཅན་དང་སྲིད་འཛིན་བལྟོས་འཇོག་མི་སྣས་ལས་ཁུངས་ཀྱི་ལས་དོན་ལ་བཏོན་པའི་བསམ་འཆར་ཉན་ལེན་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དྲ་བའི་མྱུར་ཚད་ཇེ་མགྱོགས་དང་འགྲོ་གྲོན་ཉུང་དུ་གཏོང་བ་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དག་ལག་ལེན་དོན་འཁྱོལ་ཡོང་ཆེད། ད་ལོའི་ལྟ་སྐུལ་ཞིབ་བཤེར་ཆེན་མོས་ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་འབྲེལ་འཕྲིན། ཀྲུང་གོ་སྒུལ་འཕྲིན་བཅས་ཐེངས་དང་པོར་ལྟ་སྐུལ་ཞིབ་བཤེར་གྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་། དྲ་དམངས་གདན་འདྲེན་ཞུས་ནས་གཉེར་སྐྱོང་ཀུང་སི་ཆེན་མོ་གསུམ་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་བློ་བརྗེ་རེས་བྱ་རྒྱུ་རེད།