བྱ་སྤྱོད་ཆེན་པོ་བརྒྱད་ཨ་ཧྥེ་རི་ཁ་གླིང་མི་དམངས་ཀྱི་རེ་སྒུག་དང་ཡོངས་སུ་མཐུན་ཡོད་དེ། སྨྱན་སྦྱོར་ལས་རིགས་མི་སྣས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཐད་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པ།
སྤེལ་བའི་དུས་ཚོད། : 2018-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྨྱན་སྦྱོར་ལས་རིགས་མི་སྣས་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་༢༩་ཡི་སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མི་༥༠ཙམ་དང་ཀྲུང་གོའི་སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མི་བཅུ་ལྷག་ཙམ་ཚོགས་འདུར་ཞུགས་ཡོད། འཐུས་མི་ཚོས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་རྒྱས་གླེང་བྱས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གོང་འཕེལ་འདུ་ཤེས་སྔར་བས་གཅིག་བསྡུས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྨྱན་སྦྱོར་མཉམ་ལས་ཐད་སྤེལ་རེས་བྱས་ཡོད།

པུ་རུང་ཏིའི་གསར་སྐྱེས་་ཚགས་པར་གྱི་མུ་པེ་ཉི་ཧན་ཁུ་ཡེས། སྤྱི་ལོ་༢༠༡༨ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་མཚམས་རྗེས་མའི་ཀྲུང་གོ་དང་ཨ་ཧྩེ་རི་ཁ་གླིང་གི་དངོས་སྒྲུབ་མཉམ་ལས་ཐད་བྱ་སྤྱོད་ཆེན་པོ་བརྒྱད་སྟོན་གནང་བ་དེ། ང་ཚོ་ཨ་ཧྥེ་རི་ཁ་གླིང་མི་དམངས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་མཉམ་ལས་བྱེད་པའི་ཕྱོགས་ཁག་གི་རེ་སྒུག་དང་རྦད་དེ་མཐུན་ཡོད་ཅེས་གསུངས་ཡོད།

སུ་ཏན་གྱི་ལྟ་ཕྱོགས་གསར་པའི་ཚགས་པར་གྱི་དཔལ་འབྱོར་པར་ངོས་ཀྱི་འགན་འཁུར་བ་ཨ་པུ་ཟླ་ལས། པེ་ཅིང་དབུ་ཚོགས་ལ་འཛམ་གླིང་ཚོང་དོན་ལས་རིགས་དང་སྨྱན་སྦྱོར་ལས་རིགས་ནས་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་ཨ་ཧྥེ་རི་ཁ་གླིང་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་བསྡུས་ཆེ་ཤོས་ཀྱི་གླིང་ཆེན་ཡིན། ཕྱོགས་གཉིས་པོའི་མཉམ་ལས་ཀྱིས་འཛམ་གླིང་དཔལ་འབྱོར་གོང་འཕེལ་གྱི་དར་རྒྱས་ཀྱི་དུས་མཚམས་གསར་པར་གཏོད་ཐུབ་པ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་སོགས་བཏང་སྙོམས་མིན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཕན་པ་ཡོད་ཅེས་གསུངས་ཡོད།

ཉེ་བའི་ལོ་ཤས་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྨྱན་སྦྱོར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ནང་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱ་སྤྱོད་གླེང་སྐབས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་དྲ་བ་འཛུགས་རྒྱུ་སྟོན་ཡོད། ཚོགས་ཞུགས་འཐུས་མིས། དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ཀྱི་སྤེལ་རེས་ཁྱབ་ཁོངས་རྒྱ་བསྐྱེད་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།