རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་མཛུབ་ཁྲིད་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ གཞུང་ལས་ཐིང་གིས་ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་མཛུབ་ཁྲིད་བསམ་འཆར་ཞེས་པ་པར་འགྲེམས་བྱས་ནས། རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་ལ་འགྱུར་ བའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་རེད།

བསམ་འཆར་ནང་། སྤྱི་ལོ་༢༠༡༩ལོར་སླེབས་སྐབས། རང་བརྟེན་གཅིག་འགྱུར་དང་། རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་གོང་འཕེལ་གྱི་ཆུ་ཚད་དང་འཚམ་པའི་ཉིང་རྡུལ་གློག་ཁང་གི་ཚད་ལྡན་མ་ལག་གྲུབ་པ་བྱེད་པ་དང་། སྤྱི་ལོ་༢༠༢༢ལོར་སླེབས་སྐབས། རྒྱལ་ནང་གི་རང་བརྟེན་ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱིས་རང་བརྟེན་ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་གྱི་བསྡུར་ཚད་གོང་མཐོར་ཤུགས་ཆེན་བཏང་ནས། རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་གྱི་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་དང་ཁས་ལེན་ཐུབ་ཚད་མངོན་གསལ་དོད་པོས་གོང་མཐོར་གཏོང་དགོས་པ། སྤྱི་ལོ་༢༠༢༧ལོར་སླེབས་སྐབས། ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱས་ནས། རྒྱལ་སྤྱིའི་ཉིང་རྡུལ་གློག་ཁང་ཚད་ལྡན་ཅན་གྱི་ཁྱབ་ཁོངས་ཁྲོད་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐུབ་པ་བྱ་དགོས་ཞེས་ཁ་གསལ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།