སྤྱི་ཟླ་༧པར་ཟོག་གོང་ཅུང་ཟད་ངང་འཕར་བ་དང་ལོ་ནང་དུ་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཚོད་འཛིན་ཐུབ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་བར། སྤྱི་ཟླ་༧པའི་གྲོང་མིའི་འཛད་སྤྱོད་རིན་ཐང་སྟོན་གྲངས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༢དང་གྲངས་ཆུང་༡འཕར་སྣོན་བྱུང་བ་དང་། འཕར་ཚད་དུས་ཡུན་ཟླ་བ་གསུམ་རིང་གི་མཐོ་ཤོས་ཐེངས་གཉིས་པར་སླེབས་པ་དང་། སྔོན་རྩིས་ལྟར་ན་མ་འོངས་ཟོག་གོང་ཅུང་ཟད་འཕར་རྒྱུ་ཡིན་པ་རེད།

སྤྱི་ཟླ་༧པའི་གྲོང་མིའི་འཛད་སྤྱོད་རིན་ཐང་གི་ཟླ་མཚུངས་ཀྱི་བསྡུར་ཚད་བརྒྱ་ཆ་༠དང་གྲངས་ཆུང་༣འཕར་སྣོན་བྱུང་བ་དང་། དེའི་ཁྲོད། ཟས་རིགས་མིན་པའི་རིན་གོང་བརྒྱ་ཆ་༠དང་གྲངས་ཆུང་༣འཕར་སྣོན་བྱུང་བ་དང་། འཕར་ཚད་གཞི་ཁྱོན་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གནས་༠དང་གྲངས་ཆུང་༢འཕར་ནས། གྲོང་མིའི་འཛད་སྤྱོད་རིན་ཐང་གོང་མཐོར་འགྲོ་བའི་གྲུབ་ཆ་གལ་ཆེན་ལ་གྱུར་ཡོད་པ་རེད། དབྱར་གསེང་རིང་ཡུལ་སྐོར་ལ་འགྲོ་ཚད་མང་བ་དང་། ཕྱོགས་གང་སའི་དགོས་མཁོ་ཆེ་རུ་ཕྱིན་པའི་དབང་གིས། གནམ་གྲུའི་པ་སེ་དང་། ཡུལ་སྐོར་དང་མགྲོན་ཁང་གི་རིན་གོང་བཅས་ཁག་སོ་སོར་བརྒྱ་ཆ་༡༤དང་གྲངས་ཆུང་༥དང་། བརྒྱ་ཆ་༧དང་གྲངས་ཆུང་༩དང་། བརྒྱ་ཆ་༢དང་གྲངས་ཆུང་༢བཅས་འཕར་སྣོན་བྱུང་ཡོད་པ་རེད། དེ་མིན་ད་དུང་། སྡོད་ཁང་དང་། སྨན་བཅོས་བདེ་སྲུང་གི་རིན་གོང་འཕར་བ་དང་། ཐོན་རྫས་སྣུམ་གྱི་རིན་གོང་འཕར་བ་དེས་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཡང་འཕར་ཡོད་པ་རེད། ཟས་རིགས་ཀྱི་རིན་གོང་ཡང་འཕར་ཆག་བྱུང་བ་དེ། གནམ་གཤིས་ཚ་གདུང་ཆེ་བ་དང་། ཆར་ཆུ་མང་བ་སོགས་ཀྱི་གནམ་གཤིས་ཀྱིས་རྐྱེན་པས། སྔོ་ཚལ་གྱི་ཐོན་སྐྱེད་དང་གསོག་འདྲེན་སོགས་ལ་ཤུགས་རྐྱེན་ཐེབས་ནས། སྔོ་ཚལ་གསོས་པའི་རིན་གོང་འཕར་ཡོད་པ་རེད།

ཉེ་དུས་ཀྱི་དངོས་ཟོག་རིན་གོང་གི་དམིགས་ཚད་དེས་དུས་རིམ་རྗེས་མའི་ཁྲོམ་རའི་དངོས་ཟོག་གི་རིན་གོང་འཕར་སྲིད་དམ་ཞེ་ན། འགྲིམ་འགྲུལ་དངུལ་ཁང་གི་དབུ་ཞུགས་དཔལ་འབྱོར་རིགས་པ་མཁས་ཅན་ལན་བིང་གིས། མ་འོངས་གྲོང་མིའི་འཛད་སྤྱོད་རིང་གོང་ཕྱིར་ལྡོག་བྱེད་པའི་འགུལ་ཤུགས་མངོན་གསལ་དོད་པོ་མེད་པས། སྔོན་རྩིས་བྱས་ན་མ་འོངས་པར་ཟོག་གོང་ཅུང་ཟད་འཕར་རྒྱུ་རེད་ཅེས་དང་། ཁོང་གིས། དུས་རིམ་རྗེས་མའི་འཕར་ཆག་གྲུབ་ཆའི་ཐོག་ནས་བལྟས་ན། ལོ་སྨད་དུ་རིམ་བཞིན་སླར་བཟོ་ཐུབ་བཟོ་ཡོད་པ་རེད། དེ་མིན། ད་ལྟའི་འཛད་སྤྱོད་དངོས་ཟོག་མང་པོའི་རིན་གོང་འཕར་བའི་རྣམ་པའི་ཐོག་ནས་བལྟས་ན། གྲོང་མིའི་འཛད་སྤྱོད་རིན་ཐང་མ་འོངས་པར་གོང་མཐོར་གཏོང་ཐུབ་པའི་ཤུགས་རྐྱེན་ངེས་ཅན་ལྡན་པའི་གྲུབ་ཆ་ཞིག་ཐོན་ཁག་པོ་ཡིན་པ་བསྟན་ཡོད།

ཉེ་དུས། མ་གཞི་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཁག་ཅིག་གི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཤུགས་ཆེར་སོང་ནས། རྒྱལ་སྤྱིའི་དངོས་ཟོག་ཁྲོམ་ར་དང་། དངུལ་རྩའི་ཁྲོམ་རའི་གཡོ་འགུལ་ཆེན་པོ་ཐེབས་ཡོད་ལ། ངེས་གཏན་མིན་པའི་རང་བཞིན་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་ཡོད། ཡིན་ནའང་། རང་རྒྱལ་གྱི་དངོས་ཟོག་རིན་གོང་ལ་བརྟན་པོའི་ཁྲོད་འཁོར་སྐྱོད་བྱེད་པའི་རྨང་གཞི་ཡོད་ཅེས་བསྟན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཇུས་འཛིན་ཁང་གི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་ཡའོ་ཅིང་ཡོན་གྱིས། མ་འོངས་པར། སྤྱི་ཁོག་སྲིད་ཇུས་ལ་འགྱུར་ལྡོག་ཕྲན་བུ་གཏོང་བཟོ་ཆེན་པོ་ཡོད་ཅེས་ཚོད་དཔག་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།