རྒྱལ་ཡོངས་ནས་འཐུང་ཆུའི་མགོ་ཁུངས་ཐད་ཀྱི་ཁོར་ཡུག་གནད་དོན་དྲུག་སྟོང་བཞི་བརྒྱ་ཉི་ཤུ་རྩ་དྲུག་ཤེས་རྟོགས་བྱུང་བ་དང་། ས་གནས་ཁག་ཅིག་གིས་བཅོས་སྒྲིག་གཙང་སེལ་བྱེད་ཤུགས་བལྟོས་བཅས་ཀྱི་མི་འདང་བ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འབྱུང་ཁམས་ཁོར་ཡུག་པུའི་བརྡ་འཕྲིན་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ནས་འཐུང་ཆུའི་མགོ་ཁུངས་ཐད་ཀྱི་ཁོར་ཡུག་གནད་དོན་དྲུག་སྟོང་བཞི་བརྒྱ་ཉི་ཤུ་རྩ་དྲུག་ཤེས་རྟོགས་བྱུང་བ་དང་། ས་གནས་ཁག་གིས་བཅོས་སྒྲིག་གཙང་སེལ་བྱེད་ཤུགས་བལྟོས་བཅས་ཀྱི་འདང་གི་མེད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ་གསུམ་པར་པར་འགྲེམས་བྱས་པའི་རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་འཐུང་ཆུའི་མགོ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་སྤྱོད་འཆར་གཞི་ཞེས་པ་ལྟར། ས་གནས་ཁག་གིས་རྫོང་རིམ་པ་དང་དེ་ཡན་གྱི་འཐུང་ཆུའི་མགོ་ཁུངས་ཉིས་སྟོང་བཞི་བརྒྱ་དྲུག་ཅུ་རེ་དྲུག་ལ་འཐེན་བཤེར་བྱས་རྗེས་ཁོར་ཡུག་གནད་དོན་དྲུག་སྟོང་བཞི་བརྒྱ་ཉི་ཤུ་རྩ་དྲུག་ཤེས་རྟོགས་ཐུབ་ཡོད། དེའི་ཁྲོད་འཚོ་བའི་ཐོག་གི་འབག་བཙོག་དང་། བཟོ་ལས་ཁེ་ལས་ཀྱི་བཙོག་ཆུ་འབུད་བཤངས། ཞིང་ལས་ཐད་ཀྱི་འབག་བཙོག་སོགས་གནད་དོན་རིགས་གསུམ་གྱིས་སྤྱིའི་གནད་དོན་གྱི་བཅུ་ཆ་དྲུག་ཟིན་ཡོད་པ་རེད།

མིག་སྔར་སྲུང་སྐྱོབ་ཁུལ་དུ་གཏན་འཁེལ་མ་བྱས་པའི་ཆུ་མགོ་བརྒྱ་དང་བཅུ་མེད་དགུའི་ཁྲོད་ནས་ཡུན་ནན་དང་བོད་ལྗོངས། ཧྲའན་ཤི། ཧུ་པེ། སི་ཁྲོན་བཅས་ཞིང་ལྗོངས་ལྔའི་བསྡུར་ཚད་མཐོ་པོ་ཡོད། འབྱུང་ཁམས་ཁོར་ཡུག་པུའི་ཁོར་ཡུག་ལྟ་སྐུལ་ཅུད་ཀྱི་ཅུད་ཀྲང་ཐན་ཝུའེ་ཡུང་གིས། ད་ལོའི་ལོ་མཇུག་གོང་། དྲི་ཆུའི་དཔལ་འབྱོར་ཁུལ་གྱི་རྫོང་རིམ་པ་དང་དེ་མིན་གྱི་ཞིང་ལྗོངས་ཀྱི་ས་གནས་རིམ་པའི་ཆུ་མགོར་གཙང་སེལ་བཅོས་སྒྲིག་བྱས་ཚར་བ་བྱེད་དགོས། དེ་དག་ནི་ཆུ་མགོ་ཆིག་སྟོང་ལྔ་བརྒྱ་བརྒྱད་ཅུ་གྱ་དྲུག་གི་ཁོར་ཡུག་གནད་དོན་སུམ་སྟོང་དགུ་བརྒྱ་དགུ་བཅུ་གོ་གཅིག་དང་འབྲེལ་བ་ཡོད། ད་ལོ། དྲི་ཆུའི་དཔལ་འབྱོར་ཁུལ་ཕུད་པའི་རྒྱལ་ཡོངས་ཀྱི་དེ་མིན་ས་ཁུལ་གྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་འཐུང་ཆུའི་མགོ་ཁུངས་ཚང་མ་བཅོས་སྒྲིག་གཙང་སེལ་བྱས་ཚར་བ་དགོས་པ་དང་། དུས་སང་རྫོང་རིམ་པའི་འཐུང་ཆུའི་མགོ་ཁུངས་བཅོས་སྒྲིག་བྱས་ཏེ་རྒྱ་ཆེའི་མང་ཚོགས་ནས་ཆུ་གཙང་མ་འཐུང་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།