ངལ་རྩོལ་ལྟ་ཞིབ་ཚན་པས་ཁེ་ལས་ཁག་ཅིག་གིས་ཚ་སྡུག་ཁ་གསབ་མི་སྤྲོད་པའི་གནས་ཚུལ་ཤེས་རྟོགས་བྱུང་།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་དེ་ཤར་ཚུན། ཨན་ཧུའེ་དང་། ཅང་སུའུ། ཀྲེ་ཅང་སོགས་ཞིང་ལྗོངས་དང་གྲོང་ཁྱེར་དྲུག་གིས་ཚ་སྡུག་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད། འོན་ཀྱང་ངལ་རྩོལ་ལྟ་ཞིབ་ཚན་པས། ཁེ་ལས་ཁག་ཅིག་གིས་ཚ་སྡུག་ཁ་གསབ་མི་སྤྲོད་པ་དང་། ས་སེལ་སྡུག་འཇོམས་ཀྱི་འཐུང་ཆུ་ཁག་ཅིག་གིས་ཚ་སྡུག་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་གནས་ཚུལ་ལྡན་པ་ཤེས་རྟོགས་ཐུབ་ཡོད།

ཚ་སེལ་སྡུག་འཇོམས་བྱ་ཐབས་དོ་དམ་བྱེད་ཐབས་ཀྱིས། མི་བཀོལ་སྤྱོད་བྱེད་མཁན་གྱི་ཚན་པས་ངལ་རྩོལ་པས་དྲོད་ཚད་ཨང་གྲངས་སུམ་ཅུ་སོ་ལྔ་ཡན་གྱི་གནམ་གཤིས་འོག་ཏུ་ཕྱི་རོལ་དུ་ལས་ཀ་བྱེད་པ་དང་། ནུས་ལྡན་གྱི་བྱ་ཐབས་བཟུང་ནས་ལས་ཡུལ་དངོས་ཀྱི་དྲོད་ཚད་ཧྲ་ཧྲེ་ཏུའུ་སུམ་ཅུ་སོ་གསུམ་མན་མ་གཅོག་མཁན་གྱིས་ཚ་སྡུག་ཁ་གསབ་སྤྲོད་རྒྱུ་དེ་གླ་ཕོག་གི་སྤྱི་འབོར་ནང་བསྡོམས་དགོས་པའི་གཏན་འབེབས་བྱས་ཡོད། ཚ་སྡུག་ཁ་གསབ་སྤྲོད་པའི་དུས་ཚོད་དང་དུས་འཁོར། ཚད་གཞི་བཅས་ས་གནས་སོ་སོས་གཏན་འཁེལ་བྱེད་དགོས། ཚ་སྡུག་ཁ་གསབ་ཀྱང་ཟླ་བ་གཞིར་བཟུང་དང་ཉིན་མ་གཞིར་བཟུང་བྱས་ནས་སྤྲད་ན་འགྲིག་གི་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ལུའུ་ཨའེ་ཧུང་གིས། ཚ་སྡུག་ཁ་གསབ་ཀྱི་ཚད་གཞི་དེ་ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གྱི་གནས་ཚུལ་ལྟར་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཆོག་པ་མ་ཟད་ཚ་སྡུག་ཁ་གསབ་སྤྲོད་པའི་ཆ་རྐྱེན་དང་སྤྲོད་ཐབས། དུས་ཚོད་རིང་ཐུང་། ཆུ་ཚད་སོགས་ཀྱི་ཐད་ཞིབ་ཕྲའི་གཏན་འབེབས་བྱས་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།