རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས་ཨ་རི་ནས་ཐོན་པའི་ཨ་སྒོར་དུང་ཕྱུར་160ཡི་ནང་འདྲེན་ཚོང་རྫས་ལ་སྒོ་ཁྲལ་འཕར་སྣོན་བསྡུ་རྒྱུའི་ཡོངས་བསྒྲགས་སྤེལ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་8ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས་《ཨ་རི་ནས་ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་500ཡི་ནང་འདྲེན་ཚོང་རྫས་ལ་སྒོ་ཁྲལ་འཕར་སྣོན་བསྡུ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་ཡོངས་བསྒྲགས》(ཁྲལ་སྲོལ་ཨུ་ལྷན་གྱི་ཡོངས་བསྒྲགས〔2018〕ཨང་5པ) ནང་། ཨ་རི་ལ་སྒོ་ཁྲལ་སྤར་བའི་ཚོང་རྫས་ཀྱི་གསལ་ཐོ་གཉིས་པ་ལ་སྙོམས་སྒྲིག་འོས་འཚམ་བྱས་རྗེས། 2018ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་12དང་སྐར་མ་01ཐོག་ནས་བཟུང་སྒོ་ཁྲལ་25%འཕར་རྒྱུའི་ཐག་བཅད་པ་རེད།

འབྲེལ་ཡོད་སྡེ་ཁག་དང་ལས་རིགས་མཐུན་ཚོགས། ཁེ་ལས་བཅས་ཀྱི་བསམ་འཆར་ལ་གཞིགས་ནས། རྒྱལ་ནང་གི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཁེ་ཕན་ལ་ཚད་ཆེས་ཆེ་བའི་སྲུང་སྐྱོང་བྱེད་ཆེད། སྒོ་ཁྲལ་བསྡུ་བའི་ཚོང་རྫས་ཀྱི་མིང་ཐོ་ལ་སྙོམས་སྒྲིག་འོས་འཚམ་བྱས་ཡོད་པ་དེ། ཞིབ་ཕྲའི་ཚོང་རྫས་ཀྱི་ཁྱབ་ཁོངས་ནི་《ཨ་རི་ནས་ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་160ཡི་ནང་འདྲེན་ཚོང་རྫས་ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་ཡོངས་བསྒྲགས》(ཁྲལ་སྲོལ་ཨུ་ལྷན་གྱི་ཡོངས་བསྒྲགས།〔2018〕ཨང7པ)ལ་གཞིགས་དགོས།