སྤྱི་ཟླ་བདུན་པར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་གཉིས་དང་གྲངས་ཆུང་གཅིག་འཕར་བ།
སྤེལ་བའི་དུས་ཚོད། : 2018-08-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་སྤྱི་ཚེས་དགུ་ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྤྱི་ཟླ་བདུན་པར། རྒྱལ་ཡོངས་ཀྱི་གྲོང་མིའིའཛད་སྤྱོད་རིན་གོང་གི་སྟོན་གྲངས་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་གཉིས་དང་གྲངས་ཆུང་གཅིག་འཕར་བ་དང་། འཕར་ཚད་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གཉིས་འཕར་ཡོད།

རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་གྲུབ་པའི་ཚོང་ཟོག་ཆེ་གྲས་རིགས་བརྒྱད་དང་ཞབས་ཞུའི་རིན་གོང་དེ་དུས་མཚུངས་དང་བསྡུར་ན་ཚད་མི་འདྲ་བའི་ཐོག་ནས་འཕར་ཡོད་པ་རེད། ཟླ་བ་དེར། བཟའ་བཅའ་དང་ཨ་རག ཐ་མག་བཅས་ཀྱི་རིན་གོང་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་གཅིག་འཕར་བ་དང་། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་ལ་ཤུགས་རྐྱེན་ཐེབས་པའི་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གསུམ་གཅིག་ཟིན་ཡོད། དེ་མིན་གྱི་རིགས་ཆེ་ཁག་བདུན་གྱི་རིན་གོང་དུས་མཚུངས་དང་བསྡུར་ན་འཕར་ཡོད་པ་རེད། དེའི་ནང་ནས། སྨན་བཅོས་བདེ་སྲུང་དང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། གནས་སྡོད་ཀྱི་རིན་གོང་བཅས་ཁག་སོ་སོར་བརྒྱ་ཆ་བཞི་དང་གྲངས་ཆུང་དྲུག་དང་། བརྒྱ་ཆ་གསུམ། བརྒྱ་ཆ་གཉིས་དང་གྲངས་ཆུང་བཞི་བཅས་འཕར་བ་དང་། སློབ་གསོ་རིག་གནས་དང་། རོལ་རྩེད། འཚོ་བའི་ཡོ་ཆས་དང་ཞབས་ཞུའི་རིན་གོང་བཅས་ཁག་སོ་སོར་བརྒྱ་ཆ་གཉིས་དང་གྲངས་ཆུང་གསུམ་དང་། བརྒྱ་གཅིག་དང་གྲངས་ཆུང་དྲུག་འཕར་བ། གྱོན་གོས་དང་། དེ་མིན་ཡོ་ཆས། ཞབས་ཞུའི་རིན་གོང་བཅས་སྤྱིར་བརྒྱ་ཆ་གཅིག་དང་གྲངས་ཆུང་གཉིས་འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དཔལ་སྒྲོན།