སློབ་མ་ལ་ལར་སློབ་བསྡུའི་བརྡ་ཐོ་རྫུན་མ་འབྱོར་འདུག
སྤེལ་བའི་དུས་ཚོད། : 2018-07-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་7 ཚེས་19 ཉིན། ཨུ་ལུམ་ཆིའི་མེ་འཁོར་འབབ་ཚུགས་སུ། མི་དམངས་ཉེན་རྟོག་པས་ལིའོ་ཉིང་དུ་འགྲོ་མཁན་སློབ་མ་གསར་པ་འགའ་མཐོང་། ཡིན་ནའང་ཁོང་ཚོའི་སློབ་བསྡུའི་བརྡ་ཐོའི་སྟེང་དུ་ཧྲན་ཏུང་སློབ་ཁུལ་ཞེས་བྲིས་ཡོད་པ་དང་། གཞན་ཡང་ལོ་རེར་སྒོར་མོ་ཁྲི་གཅིག་ལྷག་ཙམ་གྱི་སློབ་ཡོན་དང་ཆེད་ལས་གསར་པ་དེར་ཉེན་རྟོག་པ་དོགས་པ་སྐྱེས། དྲ་ཐོག་ཏུ་བཙལ་རྗེས་སློབ་གྲྭ་དེ་ལོ་ངོ་བཞིའི་སྔོན་ལ་སྨྱན་སྦྱོར་གྱིས་ཐེར་འདོན་བྱས་པ་མ་ཟད་རྡུང་རྡེག་ནན་པོ་བཏང་ཡོད་པ་རེད། མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་སློབ་མ་དེ་དག་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་སློབ་སྟོན་བྱས་ཡོད།

གནས་ཚུལ་དེར་དྲ་རྒྱའི་ཐོག་བཤད་ཚུལ་མང་པོ་བྱུང་ཡོད།

དཔེར་ན་སློབ་གྲྭ་དེ་འདྲ་འཛུགས་སུ་འཇུག་དོན་གང་ཡིན་ནམ། འབྲེལ་ཡོད་ཀྱི་ཞིབ་བཤེར་མི་དགོས་སམ། ཐ་ན་དེ་འདྲའི་དུས་ཡུན་རིང་བོར་གནས་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ནམ།
གལ་ཏེ་གོང་ལྟར་“ རྡུང་རྡེག་ཚ་ནན་བཏང་བ”ཡིན་ན། ད་དུང་སློབ་བསྡུའི་བརྡ་ཐོ་བསྐུར་ཐུབ་པ་ཅི་ཡིན་ནམ།
གཞན་རང་ཉིད་ཀྱིས་སློབ་ཆེན་རེ་འདུན་རེའུ་མིག་འགོད་སྐབས་ཞིབ་ཚགས་མ་བྱས་པ་ཡིན་སྲིད། མཐོ་རིམ་ལས་རིགས་སློབ་གྲྭ་ཁག་གི་ཚབ་ཨང་ཡིག་རྒྱུགས་ཚགས་པར་སྟེང་དུ་བཀོད་ཡོད་པ་དང་། སྤྱིར་རེའུ་མིག་ཁ་སྐོང་དུས་སློབ་གྲྭ་རྫུན་མ་འཕྲད་མི་སྲིད།

མཐོ་རྒྱུགས་ཕུད་པའི་རེ་འདུན་རེའུ་མིག་ཁ་སྐོང་སྐབས་ཁྱིམ་བདག་དང་སློབ་མ་རྣམས་མི་ཁོམ་པའི་གནས་སུ་ལྷུང་བ་དང་། ལོ་ལྟར་མཐོ་རྒྱུགས་མཇུག་འགྲིལ་རྗེས་སློབ་མ་མང་པོར་སློབ་ཆེན་རྫུན་མའི་བརྡ་ཐོ་རྫུན་མ་འབྱོར་གྱི་ཡོད། ལ་ལ་ཞིག་གིས་སློབ་གྲྭ་དེ་དག་འགྲིམས་ཚར་རྗེས་ད་གཟོད་གཞི་ནས་རང་ཉིད་ཀྱི་སློབ་ཐོན་ལག་ཁྱེར་དེར་གཞུང་ཕྱོགས་ཀྱི་ཁས་ལེན་མི་ཐོབ་པ་ཚོར་གྱི་ཡོད།

སློབ་བསྡུའི་རིང་མགོ་བསྐོར་གཏོང་མཁན་ཚོས་ཐབས་ཤེས་མང་པོ་སྤྱད་ནས་སློབ་མ་ཚོར་མགོ་སྐོར་གཏོང་གི་ཡོད། རྒྱུགས་སྤྲོད་སློབ་མ་ཚོས་དོགས་ཟོན་བྱེད་པའི་རྨང་གཞིའི་ཐོག བློ་བདེའི་ངང་རང་ཉིད་ཀྱིས་བདམས་པའི་སློབ་གྲྭའི་སློབ་བསྡུའི་བརྡ་ཐོ་སྒུག་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།