ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་གྱིས་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འགན་ཡུན་འཁུར་རིང་གི་བསམ་འཆར་ཞེས་པ་དཔར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་གྱིས་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འགན་ཡུན་འཁུར་རིང་གི་བསམ་འཆར་ཞེས་པ་དཔར་འགྲེམས་བྱས་པ་མ་ཟད་བརྡ་ཐོ་བཏང་ནས། ས་གནས་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་སྦྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནང་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྐབས་རེའི་འགན་ཡུན་འཁུར་ཡུན་ལོ་བཞི་ནས་ལྔ་བར་ཡིན་ཞེས་གཏན་འབེབས་བྱས་ཡོད། ཏང་གི་སྒྲིག་ཡིག་ནང་གི་གཏན་འབེབས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་དང་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ། ཏང་གི་སྒྲིག་འཛུགས་ལམ་ལུགས་ནན་དུ་གཏོང་རྒྱུ། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཡུན་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཀྱི་ཆེད་ད་ཆ་གཤམ་གྱི་བསམ་འཆར་འགའ་ཞིག་བཏོན་རྒྱུ་སྟེ།

གཅིག ཏང་གི་གཞི་རིམ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་འཁུར་ཡུན་ལོ་༥ཡིན་པ་དང་། ཏང་གི་སྤྱི་ཁྱབ་ཀྲི་པུའི་ཨུ་ཡོན་ལྷན་ཁང་དང་ཀྲི་པུའི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་འཁུར་རིང་སྤྱིར་བཏང་བྱས་ན་ལོ་༣ཡིན་པ། དེའི་ནང་དུ་གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའི་ཨུ་ཡོན་ལྷན་ཁང་། ཀྲི་པུའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འན་ཡུན་འཁུར་རིང་ལོ་༥ཡིན་པ་རེད།

བསམ་འཆར་འདི་དཔར་འགྲེམ་མ་བྱས་གོང་སྐབས་བརྗེའི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་རྩ་དོན་ཐོག་སྐབས་འདིའི་འགན་ཡུན་འཁུར་རིང་འཐིམས་རྗེས་གོང་གི་གཏན་འབེབས་འདི་ལག་ལེན་བསྟར་དགོས།

གཉིས། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འགན་ཡུན་འཁུར་རིང་གི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་པ་དང་། འགན་ཡུན་འཐིམས་སྐབས་སྐབས་བརྗེ་འདེམས་བསྐོ་བྱ་དགོས། གལ་སྲིད་འགན་ཡུན་འཁུར་རིང་ནར་འགྱངས་བྱ་དགོས་པའམ་ཡང་ན་སྔ་སྣུར་དུ་སྐབས་བརྗེའི་འདེམས་བསྐོ་བྱེད་དགོས་ཚེ། གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་འགོད་རྒྱུར་སྙན་ཞུ་འབུལ་དགོས་པ་དང་། ནར་འགྱངས་སམ་སྔ་སྣུར་དུ་སྐབས་བརྗེ་བྱ་དགོས་རིགས་སྤྱིར་བཏང་བྱས་ན་ལོ་༡ནས་བརྒལ་མི་ཆོག

གསུམ། ས་གནས་ཁག་དང་སྡེ་ཁག་ཁག ལས་ཁུངས་ཁག་གི་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱ་རྒྱུ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཡུན་འཁུར་རིང་གཅིག་གྱུར་ཚད་གཞི་དང་བརྟན་ལྷིང་སྦྲེལ་མཐུད་ལེགས་སྒྲིག་བྱ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་རྩ་འཛུགས་ཁོངས་གཏོགས་ཀྱི་འབྲེལ་བ་དང་ལས་བྱེད་པའི་དོ་དམ་ཀྱི་དབང་ཚད་ལ་གཞིགས་ཏེ། གོང་རིམ་ཏང་རྩ་འཛུགས་ཀྱིས་འགན་དཀྲི་དངོས་སུ་འཁུར་དགོས་པ་དང་ནན་ཏན་གྱི་སྒོ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་པའི་ཚན་པ་ལེགས་སྒྲིག་བཀོད་སྒྲིག་སོགས་འབྲེལ་ཡོད་སྐབས་བརྗེའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་དུས་ཐོག་ལ་དུས་བཀག་ལྟར་སྐབས་བརྗེ་བྱ་རྒྱུར་ལྟ་སྐུལ་དྲན་སྐུལ་བྱེད་དགོས།

བཞི། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོགས་དཔུང་སྡེའི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཡུན་འཁུར་རིང་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནས་གཏན་འབེབས་བྱ་རྒྱུ།

ལྔ། བསམ་འཆར་འདི་འགྲེམས་སྤེལ་བྱས་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ། དེ་མིན་འབྲེལ་ཡོད་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་ཡུན་འཁུར་རིང་གི་གཏན་འབེབས་བསམ་འཆར་འདི་དང་གཅིག་གྱུར་མིན་པར། བསམ་འཆར་འདི་ལ་གཞིགས་ནས་ལག་ལེན་བསྟར་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།