ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང་དངུལ་རྩའི་ཉེས་བསགས་ཀྱི་མཛུབ་སྟོན་རང་བཞིན་གྱི་གྱོད་གཞི་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང་དངུལ་རྩའི་ཉེས་བསག་གི་མཛུབ་སྟོན་རང་བཞིན་གྱི་གྱོད་གཞི་ཁྱབ་བསྒྲགས་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དངུལ་རྩའི་ཉེས་བསག་ལ་ཆད་གཅོད་དང་སྔོན་འགོག དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱབ་བསྒྲགས་བྱས་པའི་མཛུབ་ཁྲིད་དཔེ་མཚོན་གྱོད་གཞི་ལས་མངོན་པར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དངུལ་འཛིན་གཉེར་པ་ཀྲུའུ་ཝེ་མིང་གིས། སྔ་རྗེས་སུ་ཧྲང་ཧའེ་བརྙན་འཕྲིན་ལས་ཁུངས་ཀྱི་དཔལ་འབྱོར་འཕྲིན་ལམ་དང་པོའི་མ་རྐང་དང་དངུལ་རྩ་གླེང་བ་ཞེས་པའི་ལེ་ཚན་གྱི་དམིགས་བསལ་གདན་ཞུས་སྐུ་མགྲོན་གྱི་འགན་མ་འཁུར་གོང་དོན་དངོས་ཚོད་འཛིན་བྱས་པའི་རྩིས་ཁྲ་སྤྱད་དེ་རྐང་འཛིན་མང་པོ་ཉོས་པར་ལེ་ཚན་ནང་མ་རྐང་དེ་དག་ལ་ཡོངས་བསྒྲགས་ཐོག་གདེང་འཇོག་དང་། སྔོན་དཔག འོས་སྦྱོར་བཅས་བྱས་ཡོད། ལེ་ཚན་སྟོན་ཚར་རྗེས་རྐང་འཛིན་དེ་དག་ཉོ་ཚོང་བྱེད་ཚད་དང་ཉོ་ཚོང་རིན་གོང་ལ་མིའི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཁྲིམས་འགལ་སྒོ་ཁེ་བཟང་སྒོར་བདུན་འབུམ་ལྔ་ཁྲི་བཞི་སྟོང་བརྒྱད་བརྒྱ་ལྷག་ཙམ་ཐོབ་ཡོད། དངུལ་འཛིན་ཁྲོམ་རར་ཚོད་འཛིན་བྱས་པའི་དབང་གིས་དུས་བཀག་བཙོན་འཇུག་ཟླ་བཅུ་གཅིག་བྱ་རྒྱུ་དང་། ཁྲིམས་འགལ་ངང་ཐོབ་པའི་དངུལ་རྣམས་གཞུང་བཞེས་བཏང་བ་མ་ཟད། མི་དམངས་ཤོག་སྒོར་བདུན་འབུམ་དྲུག་ཁྲིའི་ཉེས་ཆད་བཏང་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དུང་ཅན་མིང་གིས། དངུལ་འཛིན་ཀུང་སི་དང་། དངུལ་འཛིན་བློ་འདྲིའི་ལས་ཁུངས། ཆེད་ལས་བར་ཁེའི་ལས་ཁུངས། དེ་བཞིན་ལས་དོན་མི་སྣས་ལས་སྒོའི་གཏན་འགོག་གཏན་འབེབས་ལས་འགལ་ཏེ། དངུལ་འཛོན་ཉོ་ཚོང་དང་ཉར་འཇོག་བྱས་པ་མ་ཟད། འབྲེལ་ཡོད་དངུལ་འཛིན་ལ་ཡོངས་བསྒྲགས་ཐོག་གདེང་འཇོག་དང་། སྔོན་དཔག མ་འཇོག་བཅས་བྱེད་པའི་གྲོས་འགོ་བཏོན་རྗེས་སྔོན་དཔག་གི་ཁྲོམ་རའི་འཕར་ཆག་བརྒྱུད་ལྡོག་པའི་བཀོལ་སྤྱོད་ལ་བརྟེན་ནས་ཁེ་ཕན་རག་ཐབས་བྱས་པས་ཞྭ་འཕྲོག་ཉོ་ཚོང་ཟེར་བའི་ཚོད་འཛིན་བྱས་པའི་ཉེས་པ་བསགས་པ་དང་། གནས་ཚུལ་ཚབས་ཆེ་བས་དངུལ་འཛིན་ཁྲོམ་ར་ཚོད་འཛིན་བྱས་པའི་ཉེས་མིང་ཐོག་ནས་ཉེས་དོན་འགན་ཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།